| | e-texts navigator
|
109b1 ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི། ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སྟེ། འདི་ལ་གཉིས་སུ་བྱར་མེད་ཅིང་ཐ་དད་པར་བྱར་མེད
109b2 དོ། །རིགས་ཀྱི་བུ། དཔེར་ན། དཔེ་མེད་བཞིན་དུ་རྒྱུའི་དོན་གྱིས་དཔེར་ལེན་པའང་ཡོད་དེ། ཀྱེ་མ་བཞིན་བཟང་། ཁྱོད་ཟླ་བ་ན་བཞིན་ཞེས་བྱ་བ་དང་། གླང་པོ་ཆེ་བཟང་ཁྱད་གང་ཀྱི་རི
109b3 བཞིན་ཞེས་བྱ་མོད་ཀྱི། ཅི་ཟླ་བ་བཞིན་དང་འདྲའམ། བཞིན་ཡང་ཟླ་བ་དང་འདྲའམ། ཅི་གླང་པོ་ཆེ་རི་དང་འདྲའམ། རིའང་གླང་པོ་ཆེ་དང་འདྲའམ། རིགས་ཀྱི་བུ། དེ་བཞིན་དུ་ཐར
109b4 པའང་དཔེ་མེད་བཞིན་དུ་སེམས་ཅན་ངེས་པར་བསྒྲལ་བའི་ཕྱིར་འདིར་རྒྱུའི་དབང་གིས་དཔེས་བསྟན་པར་རིག་པར་བྱའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཀྱང་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད
109b5 དུ་རིག་པར་བྱའོ། །གསོལ་བ། ཅིའི་སླད་དུ་དེ་བཞིན་གཤེགས་པ་རྣམས་པ་གཉིས་སུ་སྟོན་ལགས། བཀའ་སྩལ་པ། རིགས་ཀྱི་བུ། གཞན་ཡང་དཔེར་ན། མི་ལ་ལ་ཞིག་རལ་གྲི
109b6 ཐོགས་ནས་ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསད་དོ། །སྙམ་སྟེ་གསོད་པར་བྱེད་ལ། དེ་བཞིན་གཤེགས་པ་ནི། ལོག་པ་ཅུང་ཟད
109b7 ཀྱང་མི་མཛད་དེ། ཞུམ་པ་མེད་ཅིང་དགྱེས་བཞིན་དུ་བཞུགས་ན། ཅི་མི་དེ་མཚམས་མེད་པ་བྱེད་པ་ཞེས་བྱའམ། འོན་ཏེ་མི་བྱ། གསོལ་བ། དངོས་པོའི་སྒོ་ནས་མཚམས་མེད་པ
iiif viewer powered by OpenSeadragon
109a - 110a