e-texts navigator
Collection
Volume
Page
Wylie

109a1 དེ་དང་འདྲ་ཞེས་བགྱིའམ། བཀའ་སྩལ་བ། དེ་ལྟ་མ་ཡིན་ཏེ། ཐར་པ་ནི། ནམ་མཁའི་ཁམས་དང་འདྲ་བ་མ་ཡིན་ནོ། །གསོལ་བ། འོ་ན་ཅི་ལྟ་བུ་ལགས
109a2 བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། བྱ་ཤང་ཤང་ཏེའུའམ། ཀ་ལ་པིང་ཀ་གང་གི་ཚེ་སྐད་འབྱིན་པ་དེའི་ཚེ་ཁྭ་ལྟར་སྐད་འབྱིན་ཅེས་བྱའམ། གསོལ་བ། བཅོམ་ལྡན་འདས།
109a3 དེ་ནི། མ་ལགས་ཏེ། བྱ་གཞན་རྣམས་ཀྱི་སྐད་ནི། དེ་དག་གི་སྐད་ཀྱི་དཔེར་ཡང་མི་རུང་ལགས་སོ། །ཁྭའི་སྐད་ནི། ཤང་ཤང་ཏེའུ་དང་། ཀ་ལ་པིངྐའི་སྐད་ཀྱི་བརྒྱའི་ཆར་ཡང་མི
109a4 སྤྱོད། སྟོང་གི་ཆར་ཡང་མི་སྤྱོད། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་ལགས་སོ། །བྱ་དེ་དག་ནི། དཔེ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། དེ་བཞིན
109a5 གཤེགས་པའི་གསུང་ནི། རྒྱུའི་སྒོ་ནས་དཔེ་མ་མཆིས་པ་ལགས་སོ། །བཀའ་སྩལ་བ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། ཁྱོད་ཀྱིས་དེ་ལྟར་ཟབ་པར་བྱ
109a6 བར་རིགས་ཏེ་ལེགས་སོ། །དེ་བས་ན། ཐར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ། །ཐར་པའི་རྒྱུ་དང་། དཔེ་གཞན་ནི། ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག
109a7 རྟེན་མེད་དེ། དཔེ་མེད་བཞིན་དུ་གདུལ་བར་བྱ་བའི་དབང་གིས་ཡོན་ཏན་འདི་འདྲའོ། །དེ་འདྲའོ། །ཞེས་དཔེས་བསྟན་ཏོ། །ཐར་པའི་དཔེ་ནི། དེ་བཞིན་གཤེགས་པ་ཡིན་ཏེ། དེ




iiif viewer powered by OpenSeadragon

108b - 109b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo