| | e-texts navigator
|
353a1 བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།
353a2 ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། དེ་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ
353a3 སྩལ་ཏོ|་|ཀུན་དགའ་བོ། །དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི། དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བར་ཟུངས་ཤིག་།བསོད་ནམས་ཀྱི་ཚོགས་གནས་ཞེས་བྱ་བར་ཡང
353a4 ཟུངས་ཤིག་། བྱང་ཆུབ་སེམས་དཔའ་འགྲོགས་པ་ཞེས་བྱ་བར་ཡང་ཟུངས་ཤིག་།བྱང་ཆུབ་སེམས་དཔས་ཞུས་པ་ཞེས་བྱ་བར་ཡང་ཟུངས་ཤིག་།ཐེ་ཚོམ་ཐམས་ཅད་གཅོད་པའི
353a5 ལེའུ་ཞེས་བྱ་བར་ཡང་ཟུངས་ཤིག་། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་དང་། བྱང
353a6 ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་པ་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་། སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
353a7 མངོན་པར་བསྟོད་དོ། །འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ
iiif viewer powered by OpenSeadragon
352b - 353b