e-texts navigator
Collection
Volume
Page
Wylie

50b1 རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིང་བསྒྲུབ་པ་འདི་ལ་ཡང་གནས་ན། ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་དེས་འདས་པ་དང་། མ་འོངས
50b2 པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །གུས་པ་དང་བཅས་པས་བསྙེན་བཀུར་བྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ
50b3 སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཁྱིམ་བདག་དྲག་ཤུལ་ཅན་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན
50b4 དང་|་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི
50b5 རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། དྲག་ཤུལ་ཅན་གྱིས་ཞུས་པའི་ལེའུ་ཞེས་བྱ་སྟེ་འདུས་པ་བཅུ་དགུ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི
50b6 ལོཙྪ་བ་ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ།། །།རྒྱ་གར་སྐད་དུ། ཨཱཪྻ་བིདྱུ་ཏ་པྲཱཔྟ་པ་རི་པྲྀ་ཙྪཱ་ནཱ་མ་མ་ཧཱ་ཡཱ
50b7 ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གློག་ཐོབ་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།




iiif viewer powered by OpenSeadragon

50a - 51a

Texts on this page

H63 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo
H64 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo