| | e-texts navigator
|
90a1 ལྡན་པའི་སེམས་མི་སྐྱེད། རང་སངས་རྒྱས་ཀྱིས་དང་ལྡན་པའི་སེམས་མི་སྐྱེད། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས
90a2 མི་སྐྱེད་དེ། ཐ་ན་མྱ་ངན་ལས་འདས་པར་ལྟ་བ་དང་ལྡན་པའི་སེམས་མི་སྐྱེད་དོ། །དེ་སེམས་རྣམ་པར་དག་པ་འདི་དང་ལྡན་པས་སེམས་ཅན་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ
90a3 བ་དང་། བཏང་སྙོམས་ཀྱིས་ཁྱབ་པར་བྱེད་དོ། །དེས་སེམས་ཅན་དུ་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ཏེ། སེམས་ཅན་དུ་འདུ་ཤེས་པ་ལ་ཡང་མི་གནས། ཚངས་པའི་གནས
90a4 པ་བཞི་པོ་དེ་དག་ལ་ཡང་མངོན་པར་མ་ཞེན་ཏེ། ཐབས་ལ་མཁས་པ་དང་ལྡན་པས་ཤེས་རབ་དང་ལྡན་པར་འགྱུར་རོ། །ཆོས་དེ་དག་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ
90a5 སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ནི། གཟུགས་ཁས་མི་ལེན་མི་འཛིན་ཏོ།།
90a6 ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཁས་མི་ལེན་མི་འཛིན་ཏོ། །ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ཁས་མི་ལེན་མི་འཛིན་ཏོ། །འདོད
90a7 པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཁས་མི་ལེན་མི་འཛིན་ཏོ། །ཆད་བ་དང་རྟག་པ་ཁས་མི་ལེན་མི་འཛིན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ
iiif viewer powered by OpenSeadragon
89b - 90b