| | e-texts navigator
|
85a1 དེ་ལྟར་སྤྱོད་པ་དེ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སམ། འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་སམ། འདིས་ཤེས་རབ་ཀྱི་ཕ་རོལ
85a2 ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་སམ། འདི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་འདི་སྙམ་དུ་མི་སེམས་སོ། །གལ་ཏེ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སམ། འདིས་ཤེས
85a3 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སམ། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སམ། འདི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀུན་ཤེས་ན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
85a4 པ་མ་ཡིན་ནོ། །བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །སྙམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་མི་དམིགས་པ་ནི། ཤེས་རབ་ཀྱི་ཕ་རོལ
85a5 ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ། །
85a6 བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི། བླ་ན་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས
85a7 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི། འོད་གསལ་བ་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ
iiif viewer powered by OpenSeadragon
84b - 85b