| | e-texts navigator
|
81b1 དང་། རྣམ་པར་ཤེས་པ་ལ་རྟག་ཅེས་སམ་མི་རྟག་ཅེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་སྟོང་ཞེས་སམ་མི་སྟོང་ཞེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུ་ཞེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་རྨི
81b2 ལམ་ལྟ་བུ་ཞེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་མིག་ཡོར་ལྟ་བུ་ཞེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་བྲག་ཅ་ལྟ་བུ་ཞེས་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ
81b3 དག་ཐམས་ཅད་ནི། རྣམ་པར་བརྟགས་པ་དང་། རྣམ་པར་དཔྱད་པ་དང་། དཔྱད་པ་དང་། རྣམ་པར་དཔྱད་པ་མ་ཡིན་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ
81b4 ནི|་དེ་དག་ཐམས་ཅད་རྣམ་པར་བརྟགས་པ་དང་། རྣམ་པར་དཔྱད་པ་དང་། དཔྱད་པ་དང་། རྣམ་པར་དཔྱད་པ་ཡིན་པར་ཤེས་ནས་སྤྱོད་པ་ཐམས་ཅད་ཡང་དག་པར་གཞོམ་པ་དང་། སྤྱོད་པ
81b5 ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའོ། །དེ་སྐད་ཅེས
81b6 བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ
81b7 རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི། བསམ་གྱིས་མི་ཁྱབ་ལགས་སོ། །བཀའ་སྩལ་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་དེ་བཞིན་ཏེ། གཟུགས་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས
iiif viewer powered by OpenSeadragon
81a - 82a