| | e-texts navigator
|
74b1 བར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་དམིགས་པ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ
74b2 པར་གནོན་པ། བྱང་ཆུབ་སེམས་དཔའ་དག་།འདོད་པའི་ཁམས་ཀྱི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་ལ་སྤྱོད
74b3 ན|་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ
74b4 པར་བཤིག་པའི་ཕྱིར་རོ། །གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར
74b5 སྤྱོད་པ་མེད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དམིགས
74b6 པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ།།
74b7 གང་ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དམིགས་པ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ
iiif viewer powered by OpenSeadragon
74a - 75a