| | e-texts navigator
|
72a1 མེད་པ་ཡང་མ་ཡིན་པར་ལམ་བསྒོམས་པ་མེད་པས། དེའི་ཕྱིར་སྒོམ་པ་མེད་ཅེས་བྱའོ། །སྒོམ་པ་མེད་པ་ཡང་དེ་ལ་མེད་པས། དེའི་ཕྱིར་སྒོམ་པ་མེད་ཅེས་བྱའོ། །དེ་སྒོམ
72a2 པ་དང་བྲལ་བས་དེའི་ཕྱིར་སྒོམ་པ་མེད་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གལ་ཏེ་སྒོམ་པའམ། སྒོམ་པ་མེད་པ་ཞིག་ཡོད་ན་ནི། དེ་དམིགས་པར་འགྱུར་ཏེ། དེ་སྒོམ་པ་མེད
72a3 པར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སྒོམ་པ་མེད་པ་ཞེས་བྱ་བ་དེ། སྒོམ་པ་དང་བྲལ་བས། སྒོམ་པ་མེད་པ་སྟེ། འདི་དངོས་པོ་དང་བྲལ་བས། དེའི་ཕྱིར་སྒོམ་པ་མེད་པ
72a4 ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒོམ་པ་མེད་པ་འདི་ནི། བརྗོད་དུ་མེད་པའོ། །སྒོམ་པ་མེད་པ་འདི་ནི། བྲལ་བའོ། །བྲལ་བ་གང་ཞེ་ན། གང
72a5 ཕྱིན་ཅི་ལོག་ཀུན་ནས་མི་ལྡང་བ་དང་། གང་ཡང་དག་པ་མ་ཡིན་པ་ཀུན་ནས་མི་ལྡང་བའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཀུན་ནས་མི་སློང་སྟེ། ཕྱིན
72a6 ཅི་ལོག་ནི། ཀུན་ནས་ལངས་པ་ཉིད་མ་ཡིན་ནོ། །དེ་ལ་ཀུན་ནས་སློང་བ་ཅི་ཡང་མེད་དོ། །གལ་ཏེ་དེ་ལ་སློང་བ་འགའ་ཞིག་ཡོད་ན་ནི། དེར་ཡང་བརྗོད་ན། འདི་ལྟར་ཡང་དག་པ་མ་ཡིན་པ
72a7 ལས་བྱུང་བས། དེའི་ཕྱིར་ཕྱིན་ཅི་ལོག་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔས་ནི། ཆོས་ཐམས་ཅད་ཕྱིན་ཅི་ལོག་མེད་པར་ཁོང་དུ་ཆུད་དོ། །དེ་ཅིའི་ཕྱིར
iiif viewer powered by OpenSeadragon
71b - 72b