| | e-texts navigator
|
69a1 པ་བསྟན་པ་ཡང་ཤེས་སོ། །ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ལ་ཡང་སྦྱོར་བའམ། མི་སྦྱོར་བར་ཉེ་བར་གནས་པ་མ
69a2 ཡིན་ནོ|་|དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ། །དེ་བཞིན
69a3 དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་ཏུ་སྦྱོར
69a4 པ་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ། །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར
69a5 ཡང་མི་བྱེད་དོ། །སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ། །སེམས་ཅན་གྱི་ཁམས་དང་།
69a6 བདག་གི་ཁམས་དང་། ཆོས་ཀྱི་དབྱིངས་དང་། ནམ་མཁའི་ཁམས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ། །ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་དང་།
69a7 བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་བའི་ཤེས་རབ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད།
iiif viewer powered by OpenSeadragon
68b - 69b