e-texts navigator
Collection
Volume
Page
Wylie

64b1 ཆོས་ཐོས་པའི་འབྲས་བུ་ནི། འདི་མ་ཡིན་ཏེ། གང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་འདི་ལྟ་བུའི་ཆོས་ཐོས་ན། བག་བྱེད་པར་མི་འགྱུར་བ་དང་། ཡིད་རྟོན་པར་མི་འགྱུར་བ་དང་། འདུན་པ
64b2 ཡོངས་སུ་ཉམས་པ་དང་། བརྩོན་འགྲུས་བྲི་བ་དང་། མ་དྲིས་པ་སྟོན་པ་དང་། གནོད་སེམས་མང་དུ་འགྱུར་བ་དེ་ནི། ཐོས་པའི་འབྲས་བུ་མ་ཡིན་ནོ། །དེ་དག་གིས་འདི་ལྟ་བུའི་ཆོས་འདི་ཐོས་པ་མ་ཡིན
64b3 ནོ|་|ཤཱ་རིའི་བུ། ཐོས་ཞེས་བྱ་བ་དེ་ནི། ཡང་དག་པའི་ནན་ཏན་གྱི་ཚིག་བླ་དྭགས་ཏེ། ལོག་པའི་ནན་ཏན་གྱི་ནི་མ་ཡིན་ནོ། །ཤཱ་རིའི་བུ། ལོག་པར་ཞུགས་པས་ནི། ཆོས་འདི་ཐོས་པར་མི་འགྱུར་རོ།།
64b4 ཤཱ་རིའི་བུ། ཐོས་ནས་ཁྱོད་དོན་ལ་མཁས་ཤིང་ནན་ཏན་གྱིས་གནས་པར་བྱའོ། །ཤཱ་རིའི་བུ། ལོག་པར་ཞུགས་པ་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པ་ཡང་མེད་དོ། །ཤཱ་རིའི་བུ། གང་ཇི་སྐད་བསྟན
64b5 པའི་ཆོས་འདི་ལ་ལོག་པར་མི་སྒྲུབ་པ་དེ་ནི། ཆོས་འདི་ལ་ནན་ཏན་བྱེད་བ་ཞེས་བྱའོ། །ཤཱ་རིའི་བུ། བཟོད་པ་ཕུན་སུམ་ཚོགས་པའི་གང་ཟག་ནན་ཏན་ལ་གནས་པ་དག་ནི། ཕྱིར་ངན་སོང་དུ་འགྲོ
64b6 བར་མི་འགྱུར་གྱི། མྱུར་དུ་ཆོས་འདི་ཡང་དག་པར་སྒྲུབ་པར་འགྱུར་རོ། །དགེ་བའི་རྩ་བ་ངན་ངོན་ཙམ་ལ་ཡིད་བརྟན་པར་མི་བྱ་སྟེ། ཆོས་འདི་ཡོངས་སུ་མ་གྲུབ་ཀྱི་བར་དུ་བརྩོན་པ་མི་གཏོང་བས
64b7 ཀྱང་ཡིད་བརྟན་པར་མི་བྱའོ། །ཤཱ་རིའི་བུ། གང་ཆོས་འདི་ལ་བསླབ་པ་དང་། ཡོངས་སུ་གྲུབ་པ་དང་། བཟོད་པ་ཐོབ་པ་དེ་ནི། ཕྱིར་ངན་སོང་དུ་འགྲོ་བར་འགྱུར་བའི་ལས་མི་བྱེད་དོ། །དེ་ནི། ཕྱིར




iiif viewer powered by OpenSeadragon

64a - 65a

Texts on this page

H14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa