e-texts navigator
Collection
Volume
Page
Wylie

49a1 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་གི་ཚུལ་ལམ། ཚུལ་མ་ལགས་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ། འདི་ལྟར་ཤེས་རབ
49a2 ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་བཀུར་བ་དང་། །རྣམ་པར་བཀུར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང
49a3 ལ་ཡང་ཕན་པ་དང་། གནོད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གང་ལ་ཡང་ཕན་པའམ། གནོད་པར་བྱ
49a4 བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་འབྱུང་བའམ། མི་འབྱུང་བའི་སླད་དུ་ཉེ་བར་གནས་པ་མ་ལགས
49a5 སོ|་|བཀའ་སྩལ་པ། ཤཱ་རིའི་བུ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་འབྱུང་བའམ། མི་འབྱུང་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན
49a6 འདས|་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ལ་ཡང་སྦྱོར་བའམ། མི་སྦྱོར་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ། འདི་ལྟར་ཤེས་རབ་ཀྱི
49a7 ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་སྦྱོར་བའམ། མི་སྦྱོར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་དང་ཡང་གནས




iiif viewer powered by OpenSeadragon

48b - 49b

Texts on this page

H14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa