e-texts navigator
Collection
Volume
Page
Wylie

48b1 པར་འགྱུར་ཏེ། འདི་ལྟར་ཆོས་ཐམས་ཅད་དམིགས་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་འབྲི་བའམ། འཕེལ་བའི་སླད་དུ་ཉེ་བར་གནས
48b2 པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་འབྲི་བར་འགྱུར་བའམ། འཕེལ་བར་འགྱུར་བའི་ཆོས་གང་ཡང་ཡང་དག་པར་རྗེས
48b3 སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ལས་ཡང་དག་པར་འདའ་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ
48b4 རིའི་བུ|་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡང་དག་པར་འདའ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས
48b5 གང་ཡང་འབྲི་བའམ། གསོག་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གང་འབྲི་བའམ། གསོག་པར་འགྱུར
48b6 བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ཡང་འདུ་བའམ། འབྲལ་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །
48b7 བཀའ་སྩལ་པ། ཤཱ་རིའི་བུ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཀུན་ཏུ་སྦྱོར་བའམ། ཀུན་ཏུ་མི་སྦྱོར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས། ཤེས




iiif viewer powered by OpenSeadragon

48a - 49a

Texts on this page

H14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa