| | e-texts navigator
|
41b1 ཀྱི་ཕྱིར་རམ། རྣམ་པར་གཡེང་བའི་ཕྱིར་རམ། རྣམ་པར་གཡེང་བ་མ་ཡིན་པའི་ཕྱིར་རམ། ཤེས་རབ་ཀྱི་ཕྱིར་རམ། འཆལ་བའི་ཤེས་རབ་ཀྱི་ཕྱིར་རམ། རྣམ་པར་ཤེས་པའི་ཕྱིར་རམ། རྣམ་པར
41b2 ཤེས་པ་མ་ཡིན་པའི་ཕྱིར་རམ། གནས་པའི་ཕྱིར་རམ། མི་གནས་པའི་ཕྱིར་རམ། བསྐལ་པ་མཉམ་པའི་ཕྱིར་རམ། བསྐལ་པ་མི་མཉམ་པའི་ཕྱིར་རམ། འབྱུང་བའི་ཕྱིར་རམ། འཇིག་པའི་ཕྱིར
41b3 རམ|་ཐོབ་པའི་ཕྱིར་རམ། མ་ཐོབ་པའི་ཕྱིར་རམ། མངོན་པར་རྟོགས་པའི་ཕྱིར་རམ། མངོན་པར་རྟོགས་པ་མ་ཡིན་པའི་ཕྱིར་རམ། མངོན་སུམ་དུ་བྱ་བའི་ཕྱིར་རམ། མངོན་སུམ་དུ་མི་བྱ་བའི
41b4 ཕྱིར་རམ|་རབ་ཏུ་རྟོགས་པའི་ཕྱིར་རམ། རབ་ཏུ་རྟོགས་པ་མ་ཡིན་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །དེ་བཞིན་ཉིད་ཀྱི་ལེའུ་སྟེ། གསུམ་པའོ།། །།བམ་པོ་གསུམ་པ།
41b5 རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་རྨི་ལམ་རྨིས་པས་རྨི་ལམ་གྱི་རང་བཞིན་བཤད་པ་བསྟན་ཀྱང་རྨི་ལམ་གྱི་རང་བཞིན་བསྟན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨི
41b6 ལམ་ཉིད་ཀྱང་མེད་ན། རྨི་ལམ་གྱི་རང་བཞིན་བསྟན་པ་ལྟ་ག་ལ་ཡོད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྟོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ
41b7 ཕྱིན་པའི་རང་བཞིན་གང་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ནི། ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི
iiif viewer powered by OpenSeadragon
41a - 42a