| | e-texts navigator
|
37a1 དང་|་རྣམ་པར་ཤེས་པ་ནི། འདུ་ཤེས་མ་ཡིན། འདུ་ཤེས་མ་ཡིན་པ་ཡང་མ་ཡིན་པ་གང་ཡིན་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ
37a2 པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི། ཉེ་བར་ཞི་བ་ཡང་མ་ཡིན། ཉེ་བར་མ་ཞི་བ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར
37a3 བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉེ་བར་ཞི་བ་ཡང་མ་ཡིན། ཉེ་བར་མ་ཞི་བ་ཡང་མ་ཡིན་པ་གང་ཡིན་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས
37a4 རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི། ལྡོག་པ་ཡང་མ་ཡིན། མི་ལྡོག་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་།
37a5 འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི། ལྡོག་པ་ཡང་མ་ཡིན། མི་ལྡོག་པ་ཡང་མ་ཡིན་པ་གང་ཡིན་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར
37a6 གནོན་པ། གང་ཕུང་པོ་ལྔ་པོ་དག་མངོན་དུ་འགྲུབ་པར་གཏོགས་པར་བསྟན་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་ཕུང་པོ་ལྔ་པོ་དག་མངོན་དུ་འགྲུབ་པར་གཏོགས་པར་བསྟན
37a7 པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།
iiif viewer powered by OpenSeadragon
36b - 37b