| | e-texts navigator
|
25a1 རེ|་|ཀུན་དགའ་བོ། ཝས་ནི། སེངྒེའི་སྒྲ་སྒྲོག་མི་ནུས་སོ། །ཀུན་དགའ་བོ། གང་སེངྒེའི་ཕྲུག་གུར་གྱུར་ལ་སེངྒེ་ཆེན་པོས་བསྐྱེད་པ་དེ་དག་སེངྒེའི་སྒྲ་སྒྲོག་གོ་།ཀུན་དགའ་བོ།
25a2 དེ་བཞིན་དུ་ཝ་ལྟ་བུ་ནི། བྱིས་པ་སོ་སོའི་སྐྱེ་བོ་ལོག་པར་ལྟ་བ་ཐམས་ཅད་དེ། དེ་དག་གིས་ནི། དེ་བཞིན་གཤེགས་པའི་སེངྒེའི་སྒྲ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སེངྒེའི་ཆེན
25a3 པོའི་ཆོས་ཡོངས་སུ་ལོངས་སྤྱོད་པར་མི་ནུས་སོ། །ཀུན་དགའ་བོ། གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྲས་སངས་རྒྱས་ཀྱི་སེངྒེ་ཆེན་པོ་དང་། རང་བྱུང་གི་ཡེ་ཤེས་ཀྱིས་བསྐྱེད་པ་དག་ནི།
25a4 ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེངྒེའི་སྒྲ་སྒྲོག་ཅིང་ཀུན་ཏུ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི
25a5 ལྟར|་དེ་བཞིན་གཤེགས་པའི་འཁོར་ཡོངས་སུ་དག་པ་འདུས་པ་འདི་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་འཁོར། རང་བྱུང་གི་འཁོར། མི་ཚུགས་པའི
25a6 འཁོར|་རྡོ་རྗེ་ལྟ་བུའི་འཁོར། མི་བསྒུལ། མི་བསྐྱོད་པ། མི་འཁྲུགས་པའི་འཁོར་ཡོངས་སུ་དག་པ་འདི་ནི། རབ་ཏུ་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན
25a7 འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། ཁྱོད་འཁོར་འདིའི་ཡོན་ཏན་ཡོངས་སུ་བརྗོད་དམ། གསོལ་པ། བཅོམ་ལྡན་འདས། བདག་གིས
iiif viewer powered by OpenSeadragon
24b - 25b