e-texts navigator
Collection
Volume
Page
Wylie

17a1 ཀྱི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱོད་པ་ཡིན་ནོ། །རབ་ཀྱི་རྩལ
17a2 གྱིས་རྣམ་པར་གནོན་པ། གང་དེ་ལྟར་ཆོས་ཁོང་དུ་ཆུད་ཅིང་རབ་ཏུ་རྟོགས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེས་སེམས་ཅན་དུ་འདུ་ཤེས་པ་བསལ་བས་སེམས་ཅན་མེད
17a3 པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའི་ཚིག་བླ་དྭགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེས་སེམས་ཅན་ཐམས་ཅད་ཡང་དག་པ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་སེམས་ཅན་མ
17a4 ཡིན་པ་དང་། སེམས་ཅན་ཐམས་ཅད་ནི། ཕྱིན་ཅི་ལོག་གིས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི། ཡོངས་སུ་བརྟགས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི། ཡོད
17a5 པ་མ་ཡིན་པ་ལ་དམིགས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི། རང་གི་སྤྱོད་པ་རྣམ་པར་མ་རུང་པར་བྱས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི། མ་རིག་པ་འདུ་བྱེད
17a6 པས་སེམས་ཅན་ནོ། །ཞེས་ཤེས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི། ཆོས་གང་དག་མེད་པའི་ཆོས་དེ་དག་མངོན་པར་འདུ་བྱེད་པས། དེའི་ཕྱིར་སེམས་ཅན་ཐམས
17a7 ཅད་ནི། མ་རིག་པ་འདུ་བྱེད་པས་སེམས་ཅན་ཞེས་བྱའོ། །ཆོས་མེད་པ་གང་ཞེ་ན། ང་ཞེའམ། ངའི་ཞེའམ། ངའོ། །ཞེས་བྱ་བའི་ཆོས་གང་ཡང་མེད་པའོ། །གལ་ཏེ་ཆོས་འགའ་ཞིག་ང་ཞེའམ




iiif viewer powered by OpenSeadragon

16b - 17b

Texts on this page

H14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa