e-texts navigator
Collection
Volume
Page
Wylie

11b1 རྟོགས་པ་སྟེ། དེའི་ཕྱིར་འབྱུང་བ་དང་། ནུབ་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། །རབ་ཏུ་རྟོགས་པ་ཞེས་བྱ་བ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་ཤེས་པ་ཞེས་བྱའོ། །གང
11b2 ལ་བརྟེན་ནས་ཆོས་གང་སྐྱེ་བ་དེ་ཉིད་ལ་བརྟེན་ནས་ཆོས་དེ་མེད་དེ། འདི་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྟོགས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ནི། རྟེན་ཅིང་འབྲེལ་པར་འབྱུང
11b3 བའི་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་སྐྱེ་བ་མེད་པར་བསྟན་ཏོ། །མི་སྐྱེ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། མི་འབྱུང་བ་མཉམ་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །གང་ལ་སྐྱེ་བ་མེད
11b4 པ་དེ་ལ་འགོག་པ་གལ་ཡོད་དེ། འགོག་པ་དང་མི་འགལ་བ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་འགོག་པ་མེད་པ་སྟེ། སྐྱེ་བ་མེད་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །གང་རྟེན་ཅིང་འབྲེལ
11b5 པར་འབྱུང་བ་དེ་ནི། མ་བྱུང་བའོ། །གང་མ་བྱུང་བ་དེ་ནི། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན། གང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པ
11b6 དེ་ལ་འགོག་པ་མེད་དོ། །གང་ལ་འགོག་པ་མེད་པ་དེ་ནི། མི་སྐྱེ་བ་ཤེས་པ་ཞེས་བྱའོ། །གང་གིས་མི་སྐྱེ་བར་ཤེས་པ་དེ་ནི། ཡང་བསྐྱེད་པ་མ་ཡིན། འགོག་པ་མངོན་སུམ་དུ་བྱེད་པའང་མ་ཡིན་ནོ། །
11b7 གང་མི་སྐྱེ་བ་དེ་འགོག་པ་མི་བྱེད་དེ། སྐྱེ་བ་ཡིན་ན་ནི། འགོག་པར་ཡང་ཤེས་སོ། །གང་མི་བསྐྱེད་པ་དེས་ཆོས་ཐམས་ཅད་འགོག་པ་ཉིད་དུ་ཤེས་ཤིང་མཐོང་ལ་རབ་ཏུ་རྟོགས་ཤིང་མངོན་སུམ་དུ་བྱས་ཏེ། །




iiif viewer powered by OpenSeadragon

11a - 12a

Texts on this page

H14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa