e-texts navigator
Collection
Volume
Page
Wylie

20b1 སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་མ་གང་དུས་མ་ཡིན་པར་བཅའ་བའམ། བཟའ་བ་འཆའམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་བཅའ་བའམ། བཟའ་བ་གསོག
20b2 འཇོག་བྱས་པ་ཟའམ་འཆའ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་བྱིན་ལེན་མ་བྱས་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། །སྡོམ་ལ། སྲོག་ཆགས་བཅས་དང་གཅེར་བུ
20b3 དང་། །དམག་ལ་ལྟ་དང་ཞག་གཉིས་དང་། །བཤམས་པ་འཁྲུགས་དང་རྡེག་པ་དང་། གཟས་པ་དང་ནི་གནས་ངན་ལེན། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ
20b4 སྤྱོད་ན། ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གཅེར་བུ་མོའམ། ཀུན་ཏུ་རྒྱུའམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཟའ་བ་དང་བཅའ་བ་བྱིན་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དམག་ཆས་པ་ལ
20b5 ལྟར་འགྲོ་ན་ལྟུང་བྱེད་དོ། །དགེ་སློང་མ་དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་འགའ་ཞིག་བྱུང་ན་དགེ་སློང་མ་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག
20b6 པར་གནས་ན་ལྟུང་བྱེད་དོ། །དགེ་སློང་མ་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ཡང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོའམ། རྒྱལ་མཚན་གྱི་ཚོགས་མཆོག་གམ། དཔུང་གི་ཚོགས
20b7 སམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་མ་ལ་རྡེག་ན་ལྟུང




iiif viewer powered by OpenSeadragon

20a - 21a

Texts on this page

H4 - dge slong ma'i so sor thar ba'i mdo