| e-texts navigator |
| Wylie |
1b1 @##། རྒྱ་གར་སྐད་དུ། ཤྲི་མ་ཧཱ་ཀ་ལ་ཏན་ཏྲ་ན་མ། བོད་སྐད་དུ།། དཔལ་ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ།། དབང་གི་རྟ་མཆོག་ལ་ཕྱག་འཚལ།
1b2 ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཤར་ལྷའི་དུར་ཁྲོད་ཧ་ཧ་དྲག་ཏུ་རྒོད་པའི་གནས་ན།། ཤིང་ཙན་དན་གྱི་ནགས་ཚལ་དུ། དགའ་བའི་མིང་འདི
1b3 ཞེས་བྱ་བ།། མི་མ་ཡིན་ཕོ་མོ་འདུ་བའི་ཕོ་བྲང་དུ།། དཔལ་ནག་པོ་ཆེན་པོ་ཞེས་བྱ་བ།། བྱིན་ཡ་ག་ལས་སོགས་པ་འཁོར་གདུག་པ་ཅན་རྣམས་ཀྱི་དབུས་ན།། སྐྱེ
1b4 འགྲོ་སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་དབང་བྱེད་པའི།། དཔལ་ནག་པོ་ཆེན་པོ་ཞེས་བྱ་བ་ཡོད།། དེའི་ཚེ་དེའི་དུས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི
1b5 ཁམས་ན་མཐར་བྱེད་རྟའི་རྒྱལ་པོ་ཞེས་བྱ་བ།། རྒྱལ་པོ་ཆེན་པོ་བཞི་ལས་སོགས་པའི་འཁོར་གྱི་བསྐོར་ནས།། དྲག་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས
1b6 པར་བཞུགས་པ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས།། ཨོཾ་བཛྲ་ཀྲོ་ཏ་ཧ་ཡང་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་བཾ་ཞེས་བརྗོད་པས།། དུར་ཁྲོད་ཧ་ཧ་དྲག་ཏུ་རྒོད་པའི
1b7 གནས་ནས།། ནག་པོ་ཆེན་པོ་རང་དབང་མེད་པར།། མཐར་བྱེད་རྟའི་རྒྱལ་པོའི་མངོན་དུ་བྱུང་སྟེ།། ལས་ཅི་བྱ་ཟེར་ཞིང་། རང་གི་སྔགས་སྲོག་སྙིང་པོ་འདི་ཕུལ་ལོ།།