e-texts navigator
Collection
Volume
Page
Wylie

164a1 སློང་བ་དང་། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད
164a2 པ་བྱེད་པར་འདོད་ན། སྤོས་དང་། མེ་ཏོག་དང་། ཞལ་ཟས་དམ་པ་ལ་གཟུགས་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དཀོན་མཆོག་གསུམ་ལ་དབུ་ལ
164a3 བར་བྱའོ།། དེ་ནས་རིགས་ཀྱི་བུ་བོ་དང་། རིགས་ཀྱི་བུ་མོ་དེས་ཕུལ་བའི་ཞལ་ཟས་དེས་ལྷ་རྫས་ཀྱི་ཞལ་ཟས་སུ་གྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་ཁམས་ན
164a4 སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱས་པར་འགྱུར་རོ།། དེས་ན་སྟོང་པ་དང་། གསོལ་བ་གདབ་པ་དང་། རྗེས་སུ་ཡི་རང་བའི་བསོད་ནམས
164a5 དང་ལྡན་པར་གྱུར་ཏེ། རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་ཤིང་དགོད་པར་འགྱུར་རོ།། ལྷ་མང་པོས་རྟག་ཏུ་བསྲུང་ཞིང་སྐྱོབ་པ་དང་། སྦྱིན
164a6 པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ།། དགའ་བོ་ཁྱོད་ཀྱིས་འདིའི་རྗེས་སུ་ཆོས་བཞིན་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས




iiif viewer powered by OpenSeadragon

163b - 164b

Texts on this page

F750 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs