| e-texts navigator |
| Wylie |
163b1 གི་ནང་དུ་བཀང་སྟེ། གཟུངས་འདི་ལན་བདུན་བཟླས་ཏེ་འབབ་ཆུ་གཙང་མར་གཏོར་ན། དེ་ལྟར་བྱས་པས་ལྷ་རྫས་ཀྱི་ཞལ་ཟས་མཆོག་དམ་པར་འགྱུར་ཏེ། དེས་ན
163b2 བྲམ་ཟེ་དང་། དྲང་སྲོང་དེ་དག་ཀྱང་སྔགས་ཀྱི་བཏབ་པའི་ཟས་ཐོབ་ནས། སྔགས་ཀྱི་བྱིན་གྱིས་སོ་སོ་ནས་སྔོན་ཆད་ཅི་ལ་དགའ་ཞིང་མོས་པའི་རྩ་བའི་བསོད
163b3 ནམས་ཡོངས་སུ་འགྱུར་བས། སོ་སོ་ནས་མཐུན་པར་དུ་ས་གཅིག་ཏུ་དེ་ལ་ཚེ་རིང་བ་དང་། མདང་ས་དང་སྟོབས་སུ་ལྡན་ཏེ་བདེ་ཞིང་སྐྱིད་པར་གྱུར་ཅིག་ཅེས་སྨོན
163b4 ལམ་འདེབས་སོ།། གཞན་ཡང་མི་དེས་སེམས་བསམ་པ་བཞིན་དུ་མཐོང་བ་དང་། ཐོས་པའི་སྒོ་ནས་ཡོངས་སུ་དག་ཅིང་། ཤེས་པ་མི་ནོར་བ་དག
163b5 ཚངས་པ་ལྷའི་སྤྱོད་པ་མཆོག་དང་ལྡན་ཞིང་ཡོངས་སུ་རྫོགས་འགྱུར་རོ།། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ
163b6 སྟོང་སྙེད་ལ་མཆོད་པ་བྱས་པའི་བྱའི་བསོད་ནམས་དང་འདྲ་སྟེ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་གནོད་པར་བྱེད་པར་མི་ནུས་པར་འགྱུར་རོ།། གལ་ཏེ་དགེ