e-texts navigator
Collection
Volume
Page
Wylie

162a1 སྣོད་གཙང་མའི་ནང་དུ་ཆུ་གཙང་མ་བླུགས་ལ། ཆན་ནམ་ཕྱེ་འམ། ཁུར་བ་ལ་སོགས་པ་ཅུང་ཟད་ཅིག་བཏབ་སྟེ། ལག་པ་གཡས
162a2 པ་སྣོད་ཀྱི་སྟེང་དུ་བཞག་ལ། གཟུངས་འདི་ལན་བདུན་སྔགས་ནས། དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ
162a3 རིན་ཆེན་མང་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཚན་ནས་བརྗོད་པའི་བྱིན་གྱིས་རླབས་ཀྱིས་ཡི་དགས་ཐམས་ཅད་ཀྱི་སྐྱེ་བོ་མང་པོའི
162a4 སེར་སྣ་བྱས་པའི་མིང་དགེ་བའི་ལས་བཅོམ་ཞིང་བསོད་ནམས་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ།།
162a5 དེ་བཞིན་གཤེགས་པ་གཟུགས་དམ་པའི་མཚན་ནས་བརྗོད་པའི་བྱིན་གྱིས་རླབས་ཀྱིས། ཡི་དགས་མང་པོ་བྱད་གཟུགས་མི་སྡུག་པ་བཅོམ་ཞིང་གཟུགས
162a6 དང་མཚན་ཕུན་སུམ་ཚོགས་པར་འགྱུར་རོ།། དེ་བཞིན་གཤེགས་པ་སྐུ་འཛམ་ཀཱ་ས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྐུ་འཇམ་ཀླས་ཀྱི་མཚན




iiif viewer powered by OpenSeadragon

161b - 162b

Texts on this page

F750 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs