e-texts navigator
Collection
Volume
Page
Wylie

161a1 སྙེད་ཀྱི་ཁ་ཟས་འབྱོར་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་འཇིགས་པར་མ་བྱེད་ཅིག།
161a2 ཁྱོད་ཀྱི་ཡི་དགས་གང་གའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དང་། བྲམ་ཟེ་དང་། དྲང་སྲོང་ལ་སོགས་པ་ལ་ཁ་ཟས་དང་། གཏོར་མ་མང་པོ་འབྱོར་པའི་ཐབས
161a3 ང་ལ་ཡོད་ཀྱིས་ཡིད་ཀློང་བར་མ་བྱེད་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ང་ལ་གཟུངས་སྔགས་གཟི་བརྗིད་ཚད་མེད་པའི་དབང་དུ
161a4 གྱུར་པའི་འོད་ཟེར་རྣམ་པར་རྒྱལ་བའི་ཤུགས་ཞེས་བྱ་བ་ཡོད་དེ། གང་ཞིག་གིས་གཟུངས་འདི་བརྗོད་ན་ཡི་དགས་གང་གའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད
161a5 དང་། བྲམ་ཟེ་དང་། དྲང་སྲོང་ལ་སོགས་ཏེ། མང་པོའི་ཁ་ཟས་དང་། གཏོར་མ་མཆོག་དམ་པར་འགྱུར་ཏེ། དེ་དག་ལ་སོགས་པ་གཅིག་ཀྱང་ཁ་ཟས་ཡུལ
161a6 དབུས་འགྱུར་ཚལ་གྱི་བྲེ་ཆད་མས་བཅལ་བའི་བྲེ་བདུན་བདུན་བསྙེད་པར་འགྱུར་རོ།། དགའ་བོང་ཡང་བྲམ་ཟེར་འགྱུར་བ་ན། བྱང་ཆུབ་སེམས་དཔའ་སྤྱན་རས




iiif viewer powered by OpenSeadragon

160b - 161b

Texts on this page

F750 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs