| e-texts navigator |
| Wylie |
160b1 བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ལུས་སྨད་ལྔ་ས་ལ་བཏུབས་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་ལ་སྤྱི་བོས་ཕྱག
160b2 འཚལ་ནས། ལུས་འདར་བཞིན་དུ་སྡུག་བསྔལ་གྱིས་གདུངས་པའི་དཔུང་གཉེན་མཛད་དུ་གསོལ་ཞེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག
160b3 པས་མཐའ་ཞིག་ན་ཆོས་ཡིད་ལ་བགྱིད་ཅིང་མཆིས་པ་ལས། ཡི་དགས་ཁ་ནས་མེ་འབར་བ་ཞེས་བགྱིད་པ་དེ་བདག་ལ་འདི་སྐད་མཆིའོ།། ཁྱོད་ད་སྟེ་ཞག་བདུན་ན་ངེས
160b4 པར་ཚེའི་དུས་བྱས་ཏེ། ཡི་དགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་རོ་ཞེས་མཆིའོ།། བདག་གི་དེ་ལ་ཐམས་ཅི་བགྱིས་ན། ཡི་དགས་ཀྱི་སྡུག་བསྔལ་དེ་ལས་ཡོངས་སུ་ཐར
160b5 བར་འགྱུར་ཞེས་དྲིས་ན། དེས་བདག་ལ་ཁྱོད་ཀྱི་ས་ཡི་དགས་གང་གའི་ཀླུང་གི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་གཏོར་མ་བྱིན་ཏེ། བྲམ་ཟེ་དང་། དྲང་སྲོང་ལ་སོགས་པ་བརྒྱ
160b6 སྟོང་སྙེད་ལ་ཞལ་ཟས་མཆོག་དམ་པ་ཕུལ་ནས་ཚེ་རིང་བར་འགྱུར་ཞེས་མཆིས་ན། བཅོམ་ལྡན་འདས་བདག་གིས་ཇི་ལྟར་བུ་ར་ཡི་དག་ས་དང་། དྲང་སྲོང་ལ་སོགས་པ་དེ