e-texts navigator
Collection
Volume
Page
Wylie

160a1 ཅེས་སྨྲས་སོ།། གལ་ཏེ་ཚེའི་དུས་བྱས་ནས། ཡི་དགས་ཀྱི་གནས་སུ་སྐྱེས་པར་འགྱུར་བ་འདི་ཐབས་ཅི་བྱས་ན་སྡུག་བསྔལ་དེ་ལས
160a2 ཡོངས་སུ་ཐར་བར་འགྱུར། དེ་ནས་དེས་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བལ་ཏེ་ཁྱོད་ཀྱིས་སང་ཉི་མ་ལ་ཡི་དགས་གང་གའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད
160a3 གཏོར་མ་བྱིན་ཏེ། བྲམ་ཟེ་དང་དྲང་སྲོང་བརྒྱ་སྟོང་སྙེད་ལ་ཡུལ་དབུས་འགྱུར་འཚལ་གྱིས་བྲེ་ཚད་མ་རེ་རེའི་ཞལ་ཟས་མཆིས་པ་ཕུལ་ཏེ། ཁོ་བོའི་ཕྱིར་དཀོན་མཆོག
160a4 གསུམ་ལ་མཆོད་པ་བྱས་ན་ཚེ་རིང་ཞིང་ཡི་དགས་ཀྱི་སྡུག་བསྔལ་དང་བྲལ་ཏེ་མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་རོ།། དེའི་ཚེ་དགའ་བོས་ཡི་དགས་ཁ་ནས་མེ་འབར་བ།
160a5 ལུས་མི་སྡུག་པ་དང་། ཤིན་ཏུ་རིན་ཅིང་སྐེམས་པ་དང་། ཁ་ནས་མེ་འབར་བ་དང་། མགྲིན་པ་མོ་ཁབ་ཙམ་ལ་སྐྲ་འཇིགས་པ་དང་། སེན་མོ་དང་མཆེ་བ་རིང་ཞིང
160a6 རྣོ་བ་ཡང་མཐོང་ལ། ཡིད་དུ་མི་འོང་མི་འདོད་པའི་ཚིག་ཀྱང་བོས་ནས། ལུས་ཀྱི་བུང་བྱེད་པ་ཙམ་དུ་འཇིགས་སྐྲག་ནས། འདུག་པ་ལས་ལངས་ཏེ་མྱུར་བར




iiif viewer powered by OpenSeadragon

159b - 160b

Texts on this page

F750 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs