e-texts navigator
Collection
Volume
Page
Wylie

159a1 དག་གི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ།། རྟག་ཏུ་དགྲ་ཐམས་ཅད་ཤིབས་པར་འགྱུར་རོ།། མེ་ཏོག་གམ་བདུག་པ་འམ། སྤོས
159a2 སམ། ཟས་དང་། སྐོམ་གྱི་ཡོ་བྱད་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དབུལ་བར་བྱ། དེ་ལྟར་བྱས་ན
159a3 རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ་དགེ་སློང་མ་འམ། དགེ་སྙེན་ནམ། དགེ་སྙེན་མ་དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས
159a4 ཀྱི་ཞིང་གི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ལྷའི་མཆོད་པ་དང་། དེ་བཞིན་གཤེགས་པའི་མཆོད་པའི་མཆོག་གིས་མཆོད་པ་བྱས་པར་འགྱུར་རོ།། བླ་མར
159a5 བྱས་རིམ་འགྲོར་བྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་ཤིང་ལུང་བསྟན་པ་དང་། ལྷ་ཐམས་ཅད་ཀྱིས་ཀུན་ཏུ་བསྲུང་བར་ཡང་འགྱུར་རོ།། ཀུན་དགའ
159a6 པོ་སོང་ལ་ངོས་ལོན་ཡང་གྱིས་ཤིག། སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྟོན་ཅིང་། དགེ་བའི་ཚོགས་ཐམས་ཅད་ཀྱང་གྱིས་ཤིག། ཅེས་ང་སྨྲའོ།།




iiif viewer powered by OpenSeadragon

158b - 159b

Texts on this page

F749 - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga