e-texts navigator
Collection
Volume
Page
Wylie

158b1 ཡི་དགས་རྣམས་ཀྱིས་མི་འཐོང་བར་འགྱུར་རོ།། སྟོབས་དང་རྩོན་འགྲུས་དང་ཡང་ལྡན་པར་འགྱུར་རོ།། གཟུགས་དང་ལྡན་པ་དང་གཟི་བརྗིད་དང་ལྡན་པ་དང་། དྲན་པ
158b2 དང་ལྡན་པར་ཡང་འགྱུར་རོ།། བྲམ་ཟེའི་དྲང་སྲོང་ཡང་ཚིམ་པར་བྱེད་འདོད་པ་དེས་ནི་མཆོད་ཡོན་དང་། དབུལ་བར་བྱ་བ་སྣོད་བཀང་བ་ལ་ལན་བདན་བཟླས་བརྗོད་བྱས
158b3 ལ། འབབ་ཆུ་ག་ལ་ཡོད་པའི་གནས་དེར་སྦྱིན་པར་བྱའོ།། དེ་ལྟར་བྱས་ན་བྲམ་ཟེའི་དྲང་སྲོང་གང་གའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བྱེ་མ་སྙེད་དག། ལྷའི་བཟའ
158b4 བ་དང་བཏུང་བ་རྣམས་ཀྱིས་ཚིམ་པར་བྱས་པར་འགྱུར། བྲམ་ཟེའི་དྲང་སྲོང་དེ་དག་ཀྱང་དབང་པོ་ཚིམ་པར་བྱས་པར་འགྱུར་རོ།། བྲམ་ཟེའི་དྲང་སྲོང་དེ་དག་ཀྱང་དབང་པོ་ཚིམ
158b5 པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཨོཾ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བའི་སྒྲ་འབྱིན་པར་བྱེད་ལ། སེམས་ཅན་དེ་དག་ཀྱང་བསམ་པ་ཡོངས་སུ་དག་པར་འགྱུར་ཏེ།
158b6 བྲམ་ཟེའི་གཟི་བརྗིད་དང་ལྡན་པར་འགྱུར་རོ།། རྟག་ཏུ་ཚངས་པར་ཡང་སྤྱོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་གང་གའི་ཀླུང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད




iiif viewer powered by OpenSeadragon

158a - 159a

Texts on this page

F749 - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga