e-texts navigator
Collection
Volume
Page
Wylie

157b1 ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་གང་གིས་ཁྱོད་ཡི་དགས་རྣམས་དང་། བྲམ་ཟེའི་དྲང་སྲོང་རྣམས་ཚིམ་པར་བྱེད་པར་འགྱུར་བའི་ཐབས་ཡོད་ཀྱིས་མ་འཇིགས་ཤིག།
157b2 ཀུན་དགའ་བོ་ཐབས་ཅད་དུ་འོད་དང་ལྡན་པ་རྒྱལ་ཆེན་ཤགས་འོད་ཅེས་བྱ་བའི་གཟུངས་ཡོད་དེ། དེས་བྱིན་པ་ཙམ་གྱི་ཡི་དགས་གང་གའི་ཀླང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི
157b3 བྱེ་མ་སྙེད་དག་ཚིམ་པར་བྱས་པར་འགྱུར་ཏེ། ཡི་དགས་དང་། བྲམ་ཟེའི་དྲང་སྲོང་རེ་རེ་ལ་ཟས་དང་སྐོམ་ཡུལ་མ་ག་དའི་བྲེ་བོ་བདུན་བདུནི་བྱིན་པར་འགྱུར་རོ།། དེ་ནི
157b4 ངན་ངོན་བྲམ་ཟེར་གྱུར་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང་ཕྱུག་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད
157b5 ལས་གཟུངས་ཏེ། དེས་ཡི་དགས་དང་བྲམ་ཟེའི་དྲང་སྲོང་གྲངས་སུ་བགྲང་བ་མང་བ་དང་། ཆེས་མང་བ་བདག་ངས་ཟས་དང་སྐོམ་གྱིས་ཚིམ་པར་བྱས་ཏེ། དེ་དག་ཐམས་ཅད
157b6 ཡི་དགས་འཇིག་རྟེན་ནས་ཤི་འཕོས་ནས། ལྷའི་འཇིག་རྟེན་དུ་སྐྱེས་སོ།། ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ལ་ངོ་ལོན་གྱིས་ཤིག། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀཽ་ཏི་ཨོཾ་ས~ཾ་བཱ་ར། ས




iiif viewer powered by OpenSeadragon

157a - 158a

Texts on this page

F749 - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga