| e-texts navigator |
| Wylie |
157a1 བ་མཐོང་སྟེ། ཚིག་མི་སྙན་ཅིང་ཡིད་དུ་མི་འོང་བ་དེ་ཐོས་ནས་སྐྲག་ཅིང་སྔགས་ཏེ། སྤ་ཟིང་ཞེས་བྱེད་ནས། སྟན་ལས་ལངས་ཏེ་ཤིན་ཏུ་རིངས་པ
157a2 དང་། ཤིན་ཏུ་མྱུར་བའི་ཤུགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། འདར་ཞིང་འདི་སྐད་ཅེས་གསོལ་ཏོ།། །
157a3 བཅོམ་ལྡན་འདས་སྐབས་མཛད་དུ་གསོལ། བདེ་བར་བཤེགས་པ་སྐྱབས་མཛད་དུ་གསོལ། བདག་ནི་གནངས་སྲོག་པ་འགུམ་པར་འགྱུར་ལག་སོ།། བཅོམ་ལྡན་འདས་བདག་གིས
157a4 ཡི་དགས་མོ་ཁ་འབར་མ་མཐོང་སྟེ། ཁྱོད་གནངས་འཆི་བར་འགྱུར་རོ།། ཞེས་མཆི་ན་བདག་གིས་ཐབས་ཅི་འཆིས་ཤེས་སྨྲས་ན། དེའི་ཚེ་དེ་ན་གལ་ཏེ་ཁྱོད་ཀྱིས་ཡི་དགས་གང་གའི
157a5 ཀླང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ན། དེ་ལྟར་ན་ཁྱོད་ཀྱི་ཆེ་ཕྱིར་ནུར་བར་འགྱུར་རོ།། ཞེས་མཆི་ན།
157a6 བཅོམ་ལྡན་འདས་དེ་ལ་འདི་ལྟར་བསྒྲུབ་པར་བགྱི། བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད