| e-texts navigator |
| Wylie |
156b1 འདུག་སྟེ། ནང་དུ་ཡང་དྲག་འཇོག་ཅིང་རྩེ་གཅིག་ཏུ་ཡིད་ལ་བྱེད་པས་ཆོས་མངོན་སུམ་བྱེད་པ་ན། མཚན་མོ་ནམ་གྱི་ཆ་སྨད་ལ་དེའི་མདུན་དུ་ཡི་དགས་མོ་ཁ་འབར་མ
156b2 འདུག་ནས་སྨྲས་པ། ཀྱེ་ཀུན་དགའ་བོ་ཁྱོད་གནས་འཆི་བར་འགྱུར་ཏེ། ཡི་དགས་ཀྱི་གནས་འདིར་སྐྱེ་བར་འགྱུར་རོ།། ཀུན་དགའ་བོས་སྨྲས་པ། བརྟན་པའི་ཐབ
156b3 ཅི་ཡོད། ཡི་དགས་མོས་སྨྲས་པ། ཀུན་དགའ་བོ་ལ་གལ་ཏེ་ནང་པར། ཡི་དགས་གང་གའི་ཀླུང་བྱེ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ལ། ཡི་དགས་རེ་རེ་ལི
156b4 ཡང་ཟས་དང་སྐོམ་ཡུལ་མ་ག་དའི་བྲེ་བོ་བདུན་བདུན་ཙམ་བྱིན་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ལ། བདག་གི་མིང་གིས་དཀོན་མཆོག་གསུམ་མཆོད་པ
156b5 བྱས་ན། དེ་ལྟ་ན་ཁྱོད་ཀྱི་ཚེ་ཡང་ཆེར་ནུར་བར་འགྱུར་ལ། བདག་ཀྱང་ཡི་དགས་ཀྱི་འཇིག་རྟེན་ནས་ཤི་འབྲོས་ཏེ། མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། དེ་ནས་ཀུན
156b6 དགའ་བོས་ཡི་དགའ་མོ་ཁ་འབར་མ་རིད་ཅིང་མདོག་ངན་ལ་ལུས་སྐེམ་པ། ཁ་ནས་མེ་ལྕེ་འབར་བ། ལྟོ་དང་ཁ་སྐམས་པ། རལ་པའི་ཕུང་པོ་གཡེངས་པ། པུ་དང་སེན་མེ་རིང