e-texts navigator
Collection
Volume
Page
Wylie

264a1 བརྒལ་ཏུ་མེད། རྨོངས་པར་བྱར་མེད། ཆད་པ་བཅད་དུ་མེད། མགོ་བྲག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད།།
264a2 དེ་དགྲའི་དབང་དུ་འགྲོ་བར་མི་འགྱུརརོ།། དེ་ལྟར་བདག་གིས་ཀྱང་ལྷ་མོ་འོད་ཟེར་ཅན་གྱི་མིང་ཤེས་ཀྱིས། བདག་ཀྱང་བལྟར་མེད་པར་གྱུར་ཅིག། བཟུང་དུ་མེད་པར་གྱུར་ཅིག།
264a3 བཅིང་དུ་མེད་པར་གྱུར་ཅིག། དགག་དུ་མེད་པར་གྱུར་ཅིག། བརྒལ་ཏུ་མེད་པར་གྱུར་ཅིག། རྨོངས་པར་བྱར་མེད་པར་གྱུར་ཅིག། ཆད་པས་བཅད་དུ་མེད་པར་གྱུར་ཅིག། མགོ་བྲེག
264a4 ཏུ་མེད་པར་གྱུར་ཅིག། གཞུར་མེད་པར་གྱུར་ཅིག། ཚིག་པར་བྱར་མེད་པར་གྱུར་ཅིག། དགྲའི་དབང་དུ་མི་འགྲོ་བར་གྱུར་ཅིག། དེ་ལ་སྔགས་ཀྱི་ཚིག་རྣམས་ནི་འདི་རྣམས་ཡིན།། །
264a5 ཏདྱ་ཐཱ། པ་ཏ་པྲ་མ་སི། པྲ་ར་མ་སི། པ་རམཱ་སི། ཨུ་ཏ་མ་སེ། ནཻ་ར་མ་སི། ཨརྒ་མ་སི། མརྒ་མ་སི། ཨུར་མ་མ་སཾ། བ་ན་མ་སི། གུ་ལ་མ་སི། ཙི་པ་ར་མ་སི། མ་ཧཱ་ཙ
264a6 པ་ར་མ་སི། ཨོཾན་ཏ་རདྷ་རྨ་མ་སི་སྭཱ་ཧཱ། ལྷ་མོ་འོད་ཟེར་ཅན། བདག་ལམ་དུ་སྐྱོབས་ཤིག། བདག་ལམ་ལོག་པ་ལས་སྐྱོབས་ཤིག། བདག་སྐྱེ་བོའི་འཇིགས་པ་ལས་སྐྱོབས
264a7 ཤིག། བདག་རྒྱལ་རིགས་ཀྱི་འཇིགས་པ་ལས་སྐྱོབས་ཤིག། བདག་གླང་པོ་ཆེའི་འཇིགས་པ་ལས་སྐྱོབས་ཤིག། བདག་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབས་ཤིག། བདག་སེང
264a8 གེས་འཇིགས་པ་ལས་སྐྱོབས་ཤིག། བདག་སྟག་གི་འཇིགས་པ་ལས་སྐྱོབས་ཤིག། བདག་མེའི་འཇིགས་པ་ལས་སྐྱོབས་ཤིག། བདག་ཆུའི་འཇིགས་པ་ལས་སྐྱོབས་ཤིག།




iiif viewer powered by OpenSeadragon

263b - 264b

Texts on this page

F643 - 'phags pa 'od zer can zhes bya ba'i gzungs