e-texts navigator
Collection
Volume
Page
Wylie

263b1 རྒྱ་གར་སྐད་དུ། ཨརྱ་མ་རི་ནྱེ་ན་མ་དྷ་ར་ནི། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས།
263b2 བཅོམ་ལྡན་འདས་མ་ཟེར་ཅན་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི
263b3 ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེ་དང་བཅུ་གསུམ་གྱི་དགེ་སློང་དང་། བྱང་ཆུབ་སེམས་དཔའ་སེམས
263b4 དཔའ་ཆེན་པོ་རབ་ཏུ་མང་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག
263b5 ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ཟླ་བ་དང་ཉི་མིའི་མདུན་དང་མདུན་ནས་འགྲོ་སྟེ། དེ་ལྟར་མེད། བཟུང་དུ་མེད། བཅིང་དུ་མེད། དགག་ཏུ
263b6 མེད། བརྒལ་ཏུ་མེད། རྨོངས་པར་བྱར་མེད། ཆད་པས་བཅད་དུ་མེད། མགོ་བྲག་ཏུ་མེད། གཞུར་མེད། ཚིག་པར་བྱེར་མེད། དགྲའི་དབང
263b7 དུ་མི་འགྲོའོ།། དགེ་སློང་དག་གང་གིས། ལྷ་མོ་འོད་ཟེར་ཅན་དེའི་མིང་ཤེས་པ་དེ་ཡང་། བལྟར་མེད། བཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད།།




iiif viewer powered by OpenSeadragon

263a - 264a

Texts on this page

F643 - 'phags pa 'od zer can zhes bya ba'i gzungs