| e-texts navigator |
| Wylie |
262a1 འཛིན་པར་འགྱུར་རོ།། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར། གང་འཛིན་པ་དང་།
262a2 ཀློག་པ་དང་། ཡིད་ལ་བྱེད་པ་དང་། མིང་ཙམ་ཡང་འཛིན་པ་ལྟ་ཅི་སྨོས་ཏེ། དེའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ།། དེས་ངན་སོང་གི་སྒོ་རྣམས་བཅད
262a3 པར་འགྱུར་རོ།། ངན་སོང་དང་ངན་འགྲོ་རྣམས་རྒྱང་སྲིངས་པར་འགྱུར་རོ།། གང་ཞིག་ནང་པར་ལངས་ན་སུ།། ལན་ཅིག་ཀློག་པར་བྱེད་པའི་མི།།
262a4 སྲིད་པ་ཉམ་ངར་གང་བཅས་པའི།། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། འཕགས་མ་ལྷ་མོ་བརྒྱད་ཀྱི་གཟུངས་རྫོགས་སྷོ།།
262a5 སརྦ་མངྒ་ལཾ།།