| e-texts navigator |
| Wylie |
247a1 འཛུམ་པའི་གཟུགས།། གཙོ་བོ་ལ་ཐལ་མོ་སྦྱར་བཏུད་ནས།། རྒྱུ་སྐར་ཕྲེང་བ་དང་ལྡན་གནས།། འོ་མ་འབྲས་ཅན་འཁལ་ཀོ་ཤ། པུས་ཀ
247a2 ཙི་ཏི་ལ་སོགས་སྨན།། ཁུ་བ་ཚོགས་བུ་དང་བཅས་པ།། རིན་ཆེན་སྣོད་དུ་དགྲམ་པར་བྱ།། གཟའ་དང་རྒྱུ་སྐར་རྣམས་དགའ་ཞིང་།། ཀླུ་རྣམས་བདེ་བའི་སེམས་ཐོབ་ཤོག། ལྷ་རྣས
247a3 ཡིད་ནི་མཉམ་བཞག་ནས།། སྙིང་རྗེའི་བློ་ཆེན་སྐྱེ་བར་ཤོག། ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས།། བྱང་ཆུབ་སེམས་ཆེན་དང་ལྡན་ནས།། ཐུགས་རྗེ་ཉེ་བར་དགོངས་ནས་ཀྱང་།
247a4 དུས་སུ་ཆར་ཆེན་འབེབས་པར་ཤོག། སྨོན་ལམ་དེ་ཡི་རྗེསུ་ནི།། གཟུགས་ཀྱི་ཕྲེང་བ་བརྒྱ་དང་བརྒྱད།། བརྗོད་པའི་དེ་མ་ཐག་ཏུ་ནི།། ཆར་གྱི་རྒྱུན་ཡང་འབབ་པར་འགྱུར།། གལ
247a5 ཏེ་ཅུང་ཟད་མི་འབེབས་ནི།། མེ་ལ་སྡིགས་པ་ཙམ་གྱིས་ནི།། གློག་གི་ཕྲེང་བ་གཏོང་བྱེད་ན།། ཆར་ཆེན་འབེབས་ལ་ཐེ་ཚོམ་མེད།། ཝ་ཡི་ཁྲག་གིས་འགྲོ་བ་ལ།། གོང་གི
247a6 འཁོར་ལོ་བསྐྲད་པ་ཡི།། ཐབས་དང་ལྡན་པས་བྲིས་བྱས་ནས།། དུར་ཁྲོངས་ལས་བྱས་པ་ཡི།། རྔ་མོའི་སྙིང་ཁྲག་བཅུ་ག་ནས་ཀྱང་།། རྐང་པ་གཡོན་པས་མནན་ནས་ནི།།
247a7 ལྷོར་བལྟས་བཀའི་སྦྱོར་བ་ཡིས།། གསང་སྔགས་ཁྲི་ཕྲག་གཅིག་བརྗོད་ན།། བསྐྲད་པ་ཉིད་ལ་ཐེ་ཚོམ་མེད།། སྦྲུལ་དང་སྲེ་མོའི་ཁྲག་གིས་ནི།། རྟ་དང་མ་ཧེའི་ལྤགས་པ་ལ།
247a8 མཉམ་དུ་གཉིས་ཀྱི་གཟུགས་བྲིས་ཏེ།། དབྱེ་བའི་སྔགས་དང་བཅས་པ་ཡི།། འཁོར་ལོ་ཐོད་པའི་གཟུགས་བྲིས་ལ།། ལྤགས་པ་གཉིས་ཀྱིས་དཀྲིས་བྱས་ནས།། ཟླ་གམ་བྱེ།