e-texts navigator
Collection
Volume
Page
Wylie

245b1 དགོན་གནས་དང་།། གནས་དང་བསྐྱེད་མོས་ཚལ་ཆེན་དང་།། མེ་ཏོག་ཚལ་ལམ་ཡུལ་འཁོར་ལྗོངས་དང་།། ཆུ་ཡིས་འགྲམ་འམ་ཤིང་གཅིག་གམ།། ཡང་ན་རང་གི་ཁྱིམ་ཉིད་དུ།
245b2 མཎྜལ་ལེགས་པར་བྱུགས་ལ།། བརྟན་ནས་ལྷ་ཡི་སྦྱོར་བ་བསྒྲུབས།། རས་རིས་ལ་སོགས་མདུན་བྱས་ཏེ།། བདེ་བའི་སྟན་ལ་དཀྱིལ་དཀྲུང་གིས།། བསྡད་ནས་མཉམ་བཞག་བརྩམ
245b3 པར་བྱ།། ཐ་མ་ལ་སྦྱངས་པའི་ལུས་ཀྱིས་ནི།། ཐར་པ་ཆེན་པོ་ཐོབ་པར་འགྱུར་ཏེ།། གཞན་དུ་དེ་ལྟར་མ་ཡིན་ནོ།། ས་གཞི་ཤིན་དུ་ཉམས་དགའ་ཞིང་།། ལེགས་པར་བཀོད་པའི་རིང
245b4 ལ། ནགས་ཚལ་ཤིན་དུ་སྟུག་པ་ལ།། གསལ་བའི་ཆུ་རྒྱུན་འབབ་པའི་ཕྱོགས།། རྣམ་བཀོད་མེ་ཏོག་ཚལ་གསེབ་དུ།། ཤར་དུ་སྒོ་བསྟན་ཁང་པ་ལ།། སྔགས་བཞིས་འཚམས
245b5 བཅིངས་ཆོ་ག་ཡིས།། གསལ་ཁུང་དང་བཅས་རྩིག་པའི་ཕྱོགས།། སྙན་པའི་བྱ་ཡིས་སྒྲ་སྒྲོགས་ཤིང་།། དྲི་ཞིམ་སྤོས་དང་ལྡན་པ་ལ།། དྲིལ་བུ་སིལ་སིལ་སྒྲ་སྙན་སྒྲོགས།། ལྔ་ལྡི
245b6 གོས་ཀྱི་ཕྲེང་བས་དཀྲིས།། ལྷག་པའི་མད་འཛི་རྣམས་སྤངས་ནས།། སྤྱོད་པ་མཐུན་པའི་གྲོགས་དང་ནི།། བདེ་བར་བྱང་ཆུབ་བསྒྲུབ་པར་བྱ།། འོན་ཀྱང་གནས་དང་གྲོགས་ལེ་སོགས།
245b7 རྣལ་འབྱོར་ཡིད་འཇུག་ཕྱིར་བརྩམ་ཏེ།། མཐའ་དག་སྤངས་པའི་ཕ་རོལ་ན།། ལྷག་པའི་བྱང་ཆུབ་མ་མཆིས་སོ།། བདེ་དང་སྡུག་སྔགས་སྣ་ཚོགས་རྣམས།། རང་གི་སེམས་ལས
245b8 འབྱུང་མོད་ཀྱི།། སེམས་རྟོག་མ་ལུས་སྤངས་པ་ལས།། ངས་ནི་ཆོས་བཞིན་འགའ་མ་བཤད།། དེ་བས་སེམས་རྟོག་སྣ་ཚོགས་རྣམས།། སྤང་བར་བྱ་ཕྱིར་སྣ་ཚོགས་ཐབས།། སྔགས་དང




iiif viewer powered by OpenSeadragon

245a - 246a

Texts on this page

F635 - 'phags ma rdo rje lu gu rgyud ma'i rgyud kyi rtog pa