e-texts navigator
Collection
Volume
Page
Wylie

237b1 དེ་ལ་ལྷ་རྣམས་བསྲུང་བར་འགྱུར།། ཡོན་ཏན་ཐམས་ཅད་རྫོགས་པར་བྱེད།། ཁྲོ་མོ་ཆེན་མོ་ཁྲོ་མོའི་དབང་ཕྱུག་ས།། དྲག་པོ་ཡི་ནི་གཟུགས་ཅན་མ།། ཞལ་རས་མཐའ་ཡས།
237b2 ཕྱག་སྟོང་མ།། མབམ་གཞན་གྱིས་མི་ཐུབ་མ་ཆེན་མོ།། དོན་ཡོད་མ། གདུལ་བར་དཀའ་བ་མ། སྤྱན་སྟོང་མ། ལྷ་རྣམས་ཀུན་གྱི་མཆོད་པ་མ།། རབ་དུ་བསྒྲུབ་པར་བྱ་བ་མོ།
237b3 རྡོ་རྗེའི་སེན་མོ་ཅན་མ། རྡོ་རྗེ་རྡོ་རྗེ་འདྲེན་མ། རྡོ་རྗེའི་མཚོན་ཆམ། རྡོ་རྗེའི་སྐུཅནམ། རྡོ་རྗེའི་སྤྱན་གདངས་པའི་སྔས་སྟབས་ཅན་མ།། དྲག་ཤུལ་ཅན་ལས་ཀྱང་དྲེག་ཤུལ་ཅན་གྱི
237b4 གཟུགས་ཅན་དུ་བསྒྱུར་བར་སྣང་བམ། སྐུ་ལ་བཻ་དཱུརྱས་བརྒྱན་པ་མ། ཨོཾ་བྷ་ག་ཏི་ཙུན་དྷེ། ཧཱུཾ་ཧཱུཾ་ཧཱ། དྲུཾ་དྲྀ་དྲྀ། ཏྲུ་ཏྲུ་ཏྲུ། སྲུ་སྲྀ་སྲྀ། སཱུ་ཙུམྦི། ཛྭ་ཛཱ་ཛཱ། ཏྲན་ཏྲན་ཏྲན།།
237b5 ཥིཥེ། ཧུཾ་ཧཱུ~ཾ་ཧཱུ~ཾ། དྲྀ་དྲྀ། ཊིཊི། སྠིསླྀ། རུ་རུ་པྲ་པུ། རུ་རུ། སྤྲིན་སྨིན། ཨེ་བྷེ་ཤཱ་ཡ། ཨོཾ་བྷ་ཊཱ་ཡ། སྦྱིན་པ་ཡ་གླེན་པ་ཡ། ས་ར་ས་ར། མར་མར། མར་ལ་ས
237b6 ཡ། བན་ཛི་བན་ཛ། ཧདྷ་ཧེ་དྷ། བཅ་པ་ཙ། གྷྲི་ཧྣ་གྷྲི་ཧཱ།། ། སྡང་བའི་དགྲ་དང་གནོད་པའི་གདོན། མི་བདེ་བ་དང་། རིམས་ཞག་གཅིག་པ་དང་།
237b7 ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། ཞག་བདུན་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་དང་། འབྱུང་པོ་དང་། རོ་ལངས་དང་། ཡི་དགས་དང་།
237b8 ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་གྱི་གདོན་རྣམས་དང་། མངལ་ལས་སྐྱེས་པ་དང་། འགྲོ་བ་དང་། གནས་པ་གང་དག་བདག་ལ་འཚེ་བ་དང་། གདུག




iiif viewer powered by OpenSeadragon

237a - 238a

Texts on this page

F634 - 'phags pa lha mo skul byed ma zhes bya ba'i gzungs