| e-texts navigator |
| Wylie |
237a1 པར་མཛད།། ཞལ་ཡོན་སེར་པོ་མཆུ་ལ་སྨོས།། རྣམས་ཀྱིས་གནོན་པའི་རོལ་སྟབས་ཅན།། མ་བྱའི་ཁྲེལ་ལེགས་པར
237a2 གདུ་བུ་རྣམ་པ་སྣ་ཚོགས་ཀྱིས།། རྒྱན་ཕྱག་ཉི་ཤུ་རྩ་དྲུག་ལ།། དང་པོ་གཉིས་ཀྱི་རྩ་བ་ལིས།། ཕྱག་རྒྱ་རང་གི་ཐུགས་ཁར་བཅིངས།། གཡས་རྣམས་མི་འཇིགས་སྦྱིན་པ་དང་།། རས
237a3 གྲྀ་ནི་ཆེན་སྦྱིན་པ་དང་། རྔ་བ་པྲར་མདའ་དང་ནི།། དགྲ་སྟ་དབྱིག་པ་ཐོབ་དང་།། ལྕགས་ཀྱུ་རྡོ་རྗེས་གོལ་དང་།། བགྲང་འབྲེང་འཛིན་པ་གཡས་རྣམས་སོ།། ཡིད་བཞིན་ནོར་བུ
237a4 རྒྱལ་མཚན་དང་།། པད་མ་རིལ་བ་སྤྱི་བླུགས་དང་།། ཞགས་པ་གཞུ་དང་མདུང་ཐུང་དང་།། འཁོར་ལོ་དུང་དང་སྡིག་འཛུབ་དང་།། བུམ་པ་བཟང་པོ་ཟག་མདང་དང་།། ཤེས
237a5 རབ་གླེགས་བམ་གཡོན་རྣམས་སོ།། འོད་ཟེར་དམར་པོའི་ཕྲེང་བ་ཅན།། པད་མ་ལ་བཞུགས་དར་ལ་བསྣབས།། རྒྱན་སྐྲ་དང་ལྡན་ཚིག་གྲུ་ཅན།། རྣམ་པ་སྣ་ཚོགས་ཆོ་འཕྲུལ་མཛད
237a6 ས་བོན་དགུ་ལས་རྒྱལ་བའི་སྐུ།། རྣམ་པར་འཕྲོ་མཛད་ཐབས་ཆེན་བརྙེས།། དྲག་པོ་དགྲ་ཚོགས་ཕམ་མཛད་པ།། བགེགས་རྣམས་ཤིན་དུ་འཇིགས་སྐྲག་ནས།། ཐལ་མོ་སྦྱར་ན
237a7 རྣམ་པར་འདུད།། དེ་འདྲ་གང་ཞིག་རྟག་བསྒོམས་ཤིང་།། སྒྲིམས་ཏེ་གསང་སྔགས་བརྗོད་པ་དེས།། སངས་རྒྱས་ཉིད་ནི་སྐུར་ཐོབ་པ།། དངོས་གྲུབ་གཞན་ལྟ་ཅི་ཞིག་སྤོས།
237a8 ཏིང་འཛིན་ང་པོ་འདི་མཐོང་ན།། སྡིག་པ་ཀུན་ལས་རྣམ་པར་གྲོལ།། སྡུག་བསྔལ་ཐམས་ཅད་རྟག་འཕྲོག་ཞིང་།། འཇིག་པ་ཀུན་ལས་རྒྱལ་བར་འགྱུར།། ཇི་ལྟར་བས་པ་ཐཾད་འགྲུབ།།