| e-texts navigator |
| Wylie |
235b1 རྒྱ་ག་སྐད་དུ། མ་ཤྲི་ས་སུ་ཏྲ། བོད་སྐད་དུ། དཔལ་ཆེན་པའི་མདོ།། སངས་རྒྱས་དང་།
235b2 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགསོ།། །
235b3 དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།
235b4 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས
235b5 བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དཔལ
235b6 མོའི་མིང་བཅུ་གཉིས་པོ་འདི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ན་མེ། དགེ་སྙན་མ་འམ། དེ་ཡིན་པ་ཡང་རུང་སྟེ། གང་གིས་ཤེས
235b7 བ་དང་། གང་ལ་ལས་འཆང་བ་དང་། ཀློག་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དེ་ནི་དབུལ་བོར་ཏེ། ཕྱུག་པོར་འགྱུར་རོ།། དེ་ནས་འབྱུང་པོའི