e-texts navigator
Collection
Volume
Page
Wylie

217a1 ལྡན་འདས་གཟུངས་སྔགས་མཐུ་ཆེན་པོ་འདི་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་ལྟ་བུར་མཐོང་བ་དང་།
217a2 ཐོས་པར་དཀའ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་ཚོགས་ནས། སླད་མའི་ཚེ་སླད་མའི་དུས་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་བཟུང་བར་བགྱི།།
217a3 རྒྱས་པར་བགྱིའོ།། སེམས་ཅན་ཐམས་ཅད་ལ་བསྒྲགས་པར་བགྱིའོ།། འདི་འཛིན་པའི་སེམས་ཅན་ཆེན་པོ་དེའི་སླད་བཞིན་དུ་འབྲང་ཞིང་རྟག་ཏུ་རྒྱུན་མི་ཆུད་པར་བསྲུང་བ
217a4 དང་། བསྐྱབ་པ་དང་། སྦ་བར་བགྱིའོ།། བུ་བཞིན་དུ་ཡོངསུ་བསྐྱང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལེགསོ་ལེག་སོ།། ཁྱོད
217a5 ཀྱིས་དེ་ལྟར་གྱིས་ཤིག། རིག་སྔགས་ཀྱི་རྒྱལ་མོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ངས་ཁྱེད་ལ་གཏད་དོ།། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་གཏོར་དྲི་མ
217a6 མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ།། དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས།། ། རྫོགས་སྷོ།། །
217a7 རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོད་དེ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
217a8 རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏོ་ཨུཥྞཱི་ཥ་ཤཾ་བི་ཛ་ཡ་ན་མ་དྷ་ར་ནི་ཀལ་བས་ཧི་ཏ། བོད་སྐད་དུ། དེ་བཞིན་གཤེགས།




iiif viewer powered by OpenSeadragon

216b - 217b

Texts on this page

F629 - kun nas sgor 'jug pa'i 'od zer gtsug tor dri ma med par snang ba de bzhin gshegs pa thams cad kyi snying po dang dam tshig la rnam par lta ba zhes bya ba'i gzungs
F630 - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa