| e-texts navigator |
| Wylie |
216b1 རྩ་དགུའི་བྱེ་མ་སྙེད་ཀྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ཅིང་ལུང་བསྟན་པ་ཐོབ་པར་འགྱུར་རོ།། དེ་ནས་མཆོད་རྟེན་གཅིག་གི་ནང་དུ
216b2 བཅུག་སྟེ། སྲོག་ཤིང་སྒྲེང་བ་བྱས་ན། དུས་གསུམ་གྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་འབུམ་གྱི་མཆོད་རྟེན་ཞེས་བྱའོ།། གང་དག་དེ་ལ་བསྐུར་སྟི་རྣཾ་པར་བྱེད
216b3 པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཐ་ན་དུད་འགྲོའི་སྐྱེ
216b4 གནས་གཏོགས་པ་རྣམས་དང་། གཞན་ཡང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་གང་དག་དེར་འདོང་བ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ།། ཐན་གྲིབ་མས
216b5 པོག་ན་ཡང་ཡོངས་སུ་གྲོལ་བར་འགྱུར་ན། བཀུར་སྟི་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཡོན་ཏན་དང་ཕན་ཡོན་ནི་བརྗོད་པར་མི་ནུསོ།། དེ་ནས་གནོད་སྤྲིན་གྱི་སྡེ
216b6 དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་གྱི་གནས་ན་གནས་པའི་ལྷའི་བུ་དེ་དག་དང་།
216b7 བརྒྱ་བྱིན་ལ་སོགས་པ་སུམ་བཅུ་རྩ་གསུམ་རིས་ཀྱི་བུ་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་། དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས།
216b8 བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོ