| e-texts navigator |
| Wylie |
216a1 གཙུག་གཏོར་དྲི་མ་མེད་པ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལན་བརྒྱད་སྟོང་བཟློས་བརྗོད་བྱས་ན། གལ
216a2 ཏེ་མཚམས་མེད་པ་ལྔ་བྱེད་པ་དག་མནར་མེད་པར་ལྟུང་ནས། གདུང་བས་བསྲེགས་པ་ལས་འཕྲལ་དུ་ཡོངས་སུ་ཐར་པར་འགྱུར་རོ།། ལན་འབུམ་བཟླས་བརྗོད་བྱས་ན།
216a3 གལ་ཏེ་མགུལ་ནས་ཐག་པས་བཏགས་ཏེ། ཁྲིད་པ་ཡང་གཤིན་རྗེའི་གནས་ནས་འཕྲལ་དུ་ལྡོག་པར་འགྱུར་རོ།། ཚེའི་འཇིགས་པ་ཆེན་པོ་ལས་ཡོངསུ་གྲོལ་བར་འགྱུརརོ།།
216a4 སེམས་ཅན་དམྱལ་བ་ཐམས་ཅད་རྣམས་པར་ཞི་ཞིང་འཇིག་པར་འགྱུར་ཏེ། ཐེ་ཚོམ་མེད་དོ།། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡང་བྲན་བཞིན་དུ་སེམས་ཤིང་འདག་གོ།། ལུས་བསམ
216a5 གཏན་གྱི་ལམ་བཞིན་ནམ། སྦྲུལ་གྱི་ལྤགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་མངོན་པར་དགའ་ཞིང་མྱུར་དུ་འགྲོ་བར་འགྱུར་རོ།། འཆི
216a6 བདག་གི་སྡུག་བསྔལ་མི་མཐོང་བར་འགྱུར་རོ།། ལན་འབུམ་བཟླས་བརྗོད་བྱས་ན་ལྤགས་པའི་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་རོ།། དུས་གསུམ་གྱི་དེ་བཞིན་གཤེགས
216a7 པ་རྣམས་ཀྱི་སྲས་གཅིག་པུར་འགྱུར་རོ།། འབུམ་བྲིས་ཏེ་མཆོད་རྟེན་འབུམ་བྱས་ལ་དེའི་ནང་དུ་བཅུག་ན། འབུམ་ཚང་ནས་མཆོད་རྟེན་ཐམས་ཅད་འབར་བར་འགྱུར་རོ།།
216a8 བདག་ཀྱང་འབར་བར་འགྱུར་རོ།། ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པར་འགྱུར་རོ།། ས་བཅུ་ལ་གནས་པར་འགྱུར་རོ།། གང་གའི་ཀླུང་གི་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ