e-texts navigator
Collection
Volume
Page
Wylie

215b1 བྱས་པ་ཙམ་གྱིས་འཕྲལ་དུ་མཆོད་རྟེན་ལས་སྒྲ་འབྱུང་སྟེ། ལེགས་སོ་ཞེས་བྱ་བ་འབྱིན་པར་འགྱུར་རོ།། འཕྲལ་དུ་སྡིག་པ་དང་སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་དང་།
215b2 འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་དང་། སེར་སྣ་དང་། ཕྲ་དོག་དང་བྲལ་བར་འགྱུར་རོ།། ལུས་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ།། སྐྱེས་པ
215b3 འམ། བུད་མེད་དམ། ཁྱིའུ་འམ། བུ་མོ་གང་དང་གཏམ་བྱས་པ་དེ་དག་ཐམས་ཅད་ཀྱང་སྡིག་པ་རྣམས་ལས་གྲོལ་བར་འགྱུར་རོ།། དུད་འགྲོའི་སྐྱེ་གནས་སུ་སོང
215b4 བ་ལ་སྨྲས་ན་ཡང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ།། བྱའི་ཚོགས་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུརརོ།།
215b5 ཐ་ན་ཁྱི་དང་། རུས་སྦལ་དང་། བྱི་ལ་དང་། སྲིན་མོ་དང་སྲོག་ཆགས་སྣ་ཚོགས་ལ་སྨྲས་ན་ཡང་། ཐམས་ཅད་ལས་ཡོངས་གྲོལ་བར་འགྱུར་རོ།། བྱེ་མ་ལ་ལན་ཉི་ཤུ
215b6 རྩ་གཅིག་བཟླས་བརྗོད་བྱས་ཏེ། དུར་ཁྲོད་དུ་གཏོར་ན། གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བ་གང་དང་གང་དུ་སྐྱེས་པ་དེ་དང་དེ་ནས་ཡོངས་སུ་ཐར་ཏེ།
215b7 མཐོ་རིས་སུ་སྐྱེ་བར་འགྱུར་རོ།། གང་དག་མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ།། གཅན་ཟན་དང་། བྱ་སྣ་ཚོགས་གང་དག་ཏུ་ངུར
215b8 ཁྲོད་དེར་འགྲོ་བ་དེ་དག་ཐམས་ཅད་ཀྱང་བདེ་འགྲོར་འགྲོ་བར་འགྱུར་རོ།། རི་ལ་གཏོར་ན་རི་དགས་དང་། བྱ་རྒྱ་བ་དེ་དག་ཐམས་ཅད་བདེ་འགྲོར་འགྲོ་བར་འགྱུར་རོ།། ཀུ་ནས




iiif viewer powered by OpenSeadragon

215a - 216a

Texts on this page

F629 - kun nas sgor 'jug pa'i 'od zer gtsug tor dri ma med par snang ba de bzhin gshegs pa thams cad kyi snying po dang dam tshig la rnam par lta ba zhes bya ba'i gzungs