| e-texts navigator |
| Wylie |
215a1 དུ་ཉི་མ་གཅིག་གཅིག་བཞིན་དུ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ན། དེའི་སྒྲིབ་པ་དང་། སྡིག་པ་དང་།
215a2 ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། བཟླས་བརྗོད་ཆོ་ག་བཞིན་དུ་ལོ་གཅིག་ཚང་བར་བྱས་ན། འཇིགས་པ་མེད་པར་ལྟ་བ་ཀུན་ནས་སྒོའི་འོད་ཟེར
215a3 ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཐོང་བར་འགྱུརརོ།། དྲི་མ་མེད་པ་རྣམ་པར་དག་པ་འབར་བའི་གན
215a4 བརྗིད་ཅེས་བྱ་བའི་ལུས་ཡོངས་སུ་དག་པ་ཐོབ་པར་གྱུར་རོ།། ཚེ་རྣམ་པར་དག་པ་ཐོབ་པར་འགྱུར་རོ།། གང་གའི་ཀླུང་གི་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱ་བཅུ་རྩ་གཉིས
215a5 ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ།། ཚེ་རབས་གཅིག་ནས་གཅིག་ཏུ་རྒྱུད་པ་རྣམས་སུ་ཡང་ཤིན་དུ་ཡོངསུ་དག་པར་འགྱུརརོ།།
215a6 སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འགྲོ་འདོད་པ་དེར་འགྲོ་བར་འགྱུར་རོ།། སྦྲུལ་གྱི་ལྤགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་པ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁས
215a7 བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། འཆི་བདག་གི་སྒོ་མཐོང་བར་མི་འགྱུར་ཞིང་། རྨི་ལམ་ལྟ་བུར་ཀུན་དུ་ཤེས་སོ།། ཆེས་བརྒྱད་དམ། བཅུ་བཞིའམ། བཅཝོ་ལྔ་ལ་ཡིད་བཞིན
215a8 གྱི་ནོར་བུ་རིན་པོ་ཆེ་ཆེན་པོའི་གཟུངས་སྔགས་འདི་གཉིས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཤིང་། རིང་སྲེལ་དང་བཅས་པའི་མཆོད་རྟེན་ལ་བསྐོར་བ་བྱ་ན། བཟླས་བརྗོད