e-texts navigator
Collection
Volume
Page
Wylie

214b1 དང་། བུ་འདོད་པ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་ལ་རྨ་བྱའི་སྒྲོ་ལྔས་བྱབ་པར་བྱའོ།། མཆོད་རྟེན་གྱི་དཀྱིལ་འཁོར་ལ་མཆོད་པར་བྱའོ།། ཆོ་ག་འདི་ལན
214b2 གཅིག་བྱས་ན་བསྐལ་པ་འབུམ་དུ་བསགས་པའི་སྒྲིབ་མེད་པར་འགྱུར་རོ།། ནད་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོལ
214b3 སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་འཐར་བར་འགྱུར་རོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི
214b4 སྡུག་བསྔལ་དང་། སྒྲིབ་པ་དང་། སྡིག་པ་དང་། བདུག་པ་ཐམས་ཅད་ཆེ་རབས་གཅིག་ནས་གཅིག་ཏུ་རྒྱུ་དེ། བྱང་ཆུབ་ཀྱི་སྙིང་པོའི་མཐུར་ཐུག་གི་བར་དུ་རྣམ་པར་འཇིག་པར
214b5 འགྱུར་རོ།། ཚེ་ཟད་པ་ཡང་ཆེ་ཕྱིར་ནུར་ཞིང་ཚེ་རིང་བར་འགྱུར་རོ།། ཡུན་རིང་དུ་ནད་ཀྱིས་ཟིན་ཏེ་ཤ་ཟད་པ་ཡང་ལུས་ཡོངས་སུ་རྫོགས་པར་འགྱུར་རོ།། ལུས་ཤིན་དུ་ཡོངས་སུ
214b6 རྫོགས་པར་འགྱུར་རོ།། ལུས་ཤིན་དུ་ཡོངས་སུ་དག་པར་འགྱུར་རོ།། བསམ་པ་ཡང་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ།། ཕྱིན་ཆད་འཆི་བདག་གི་སྒོའི་སྡུག་བསྔལ་མི
214b7 མཐོང་བར་འགྱུར་རོ།། སྦྲུལ་གྱི་ལྤགས་པར་བརྗེས་པ་བཞིན་དུ། ལུས་བོར་ནས་བསྐལ་པ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་གང་དང་གང་དུ་སྐྱེ་བ་དེ
214b8 པད་མ་ལས་སྐྱེ་བར་འགྱུར་རོ།། ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་རོ།། སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ།། འདི་བཟླས་བརྗོད་ཀྱི་ཆོ་ག་བཞིན




iiif viewer powered by OpenSeadragon

214a - 215a

Texts on this page

F629 - kun nas sgor 'jug pa'i 'od zer gtsug tor dri ma med par snang ba de bzhin gshegs pa thams cad kyi snying po dang dam tshig la rnam par lta ba zhes bya ba'i gzungs