| e-texts navigator |
| Wylie |
214a1 གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ།། ཕྱིན་ཆད་མངལ་གྱི་གནས་ཀྱི་མས་མི་གོས་པར་རིག་པར་འགྱུར་རོ།། གང་དང་གད
214a2 དུ་སྐྱེ་བ་དེང་དེར་བརྫུས་ཏེ་པད་མ་ལས་སྐྱེ་བར་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ།། རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བལྟ་བར་འདོད་པར
214a3 འགྱུར་རོ།། བསམ་པ་ཐམས་ཅད་ཡིད་ཀྱི་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ།། གལ་ཏེ་ཆོ་ག་བྱ་བར་འདོད་ན། དེ་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ། སྤོས་ཀྱི་དཀྱིས
214a4 འཁོར་གྲུ་བཞི་པ་བྱའོ།། སྙིང་པོའི་རིག་སྔགས་གྲོ་ག་ལ་བྲིས་པར་བྱའོ།། མཆོད་རྟེན་ལྔ་གདབ་པར་བྱའོ།། རིག་སྔགས་དེ་ཡང་མཆོད་རྟེན་གྱི་ནང་དུ་བཞུག་པར་བྱའོ།། མ
214a5 རྟེན་བཞི་ནི་གྲཝ་བཞིར་བཞག་གོ།། གཅིག་ནི་དཀྱིལ་འཁོར་གྱི་དབུས་སུ་བཞག་གོ། སྲོག་ཤིང་བཙུགས་ཏེ་བ་དན་དམར་པོ་སྤང་བར་བྱའོ།། མེ་ཏོག་གིས་གཏོར་རོ།། བུམ
214a6 པ་གང་བ་བཞི་བཞག་གོ། གྲཝ་བཞིར་སྤོས་ཕོར་བཞི་ནས་དུ་རུ་ཀ་དང་། ཨ་ག་རུ་དང་། ཙན་དན་དང་། གུ་གུལ་གྱི་བདུག་པས་བདག་པར་བྱའོ།། སྤོས་ཀྱི་མཆོད་ཡོན
214a7 གྱི་སྣོད་བཞི་བཞག་པར་བྱའོ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ།། དཀྱིལ་འཁོར་ལ་བསྐོར་བར་བྱའོ།། ནད་ཀྱིས་པ
214a8 པ་དང་། ཟིན་དང་། ནད་ཚབ་ཆེ་བ་དང་། ཚེ་ཟད་པ་དང་། དུས་མ་ཡིན་པར་འཆི་བས་འཇིགས་པ་དང་། རྒྱལ་པོ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་སྐྲག