| e-texts navigator |
| Wylie |
213b1 ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་ཀྱི་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་མཐུཆེ་བ། ཕན་ཡོན་ཆེ་བ་ལགས་སོ།། བཅོམ་ལྡན་འདས་ཇི་ལྟར་སྤངས
213b2 ཆེ། སྲད་མའི་དུས་ན། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བར་འགྱུར་ཞིང་། གང་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་ནས་ཡོངས་སུ་གྲོལ་བར་འགྱུར།།
213b3 བསྒྲུབ་པའི་ཆོ་ག་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ལག་ན་རྡོ་རྗེ་གཟུངས་སྔགས་འདིའི་ཕན་ཡོན་དང་། བསྒྲུབ་པའི་ཆོ་ག་འདི་ཉོན་ཅིག། འདི་ལྟར་ཕྱི
213b4 མའི་ཚེ་ཕྱི་མའི་དུས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། རིག་སྔགས་ཀྱི་རྒྱལ་མོ་འདི་དུས་གཅིག་ཏུ་དྲན་པར
213b5 བྱ་ཞིང་། རིང་སྲེལ་གྱི་སྙིང་པོ་འམ། དེ་བཞིན་གཤེགས་པའི་རིང་སྲེལ་གྱི་སྙིང་པོའི་མཆོད་རྟེན་ལ་བསྐོར་བར་བྱའོ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་དུས་གཅིག
213b6 ཏུ་དྲན་པར་བྱའོ།། དེས་ན་གང་གའི་ཀླུང་གི་བྱེ་བ་ཁྲག་ཁྲིག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ།། བསོད་ནམས་ཆེན
213b7 པོ་དང་ལྡན་པར་འགྱུར་རོ།། མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ།། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤི
213b8 རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ།། ཚེ་རིང་པོར་འགྱུར་རོ།། སྦྲུལ་གྱི་ལྤགས་པ་བཞིན་དུ། ལུས་བོར་ནས་བསྐལ་པ་མཉམ་པའི་ཕྱིར་འཇིག་རྟེན