e-texts navigator
Collection
Volume
Page
Wylie

213a1 དུ་གྱུར་པ་དེ་བཞིན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟ་བའམ། ཡིད་གཉིས་སུ་གྱུར་ན་དེ་དེ་ལྟར་མི་ལྟ་སྟེ
213a2 ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ཉིད་དོ།། ལག་ན་རྡོ་རྗེ་དེ་ལྟར་བས་ན་སྡོམ་པ་གསུམ་གྱིས་བསྡོམ་པར་བྱའོ།། ལག་ན་རྡོ་རྗེ་ལས་དེས་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ
213a3 གྱི་ཚོར་བ་འདི་ལྟ་བུ་མྱོང་ངོ་།། ལྷའི་བུ་འདི་བྱང་ཆུབ་ཀྱི་སྙིང་པོ་མཐར་ཐུག་གི་བར་དུ། ལས་ཀྱི་འབྲས་བུ་ཐ་མ་འདི་མྱོང་ངོ་།། ལག་ན་རྡོ་རྗེ་དེའི་ཚེ་དེའི་དུས་ན་བྲམ་ཟེ་དྲི་མ་མེད་པར
213a4 གྱུར་པ་དེ་གན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟ་བའམ། ཡིད་གཉིས་སུ་གྱུར་ན་དེ་དེ་ལྟར་མི་བལྟ་སྟེ། ལག་ན་རྡོ་རྗེ་ཁྱོད་ཉིད་དོ།། དམུས་ལོང་ལ་གཟུངས་སྔགས
213a5 འདི་སྒྲོགས་པའི་དགེ་སློང་ནི་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་ཏོ།། དེ་ནས་ལྷའི་འམང་པོ་དེས་སྔོན་བྱུང་བ་འདི་ཐོས་ནས་རྨད་དུ
213a6 བྱུང་བར་གྱུར། དགའ་བ་ཐོབ་པར་གྱུར་ཏེ། ཅཅོ་དང་གཞའ་སྒྲ་ཆེན་པོ་བྱུང་ནས། ཨ་ལ་ལ་དེ་བཞིན་གཤེགས་པའི་དམ་ཚིག་རིག་པའི་གཟུངས་སྔགས་འདིའི་མཐུ་ནི་པད
213a7 བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ།། ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་འཁོར་དེ་ལས་ལྷའི་བུ་དགུ་ཁྲི་ཉིས་སྟོང་ཕྱིར་མི་ལྡོག་པར་གྱུར་ཏོ།། ལྷའི་བུ་མོ་བྱེ་བ་ཕྲག
213a8 འབྲམ་ནི་བུད་མེད་ཀྱི་དངོས་པོ་དང་བྲལ་ནས་སྐྱེས་པའི་དབང་པོ་བྱུང་སྟེ། ཕྱིར་མི་ལྡོག་པ་ཉིད་ལ་གནས་པའོ།། དེ་ནས་བཅོམ་ལྡན་འདས་ཁཾ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལས




iiif viewer powered by OpenSeadragon

212b - 213b

Texts on this page

F629 - kun nas sgor 'jug pa'i 'od zer gtsug tor dri ma med par snang ba de bzhin gshegs pa thams cad kyi snying po dang dam tshig la rnam par lta ba zhes bya ba'i gzungs