| e-texts navigator |
| Wylie |
212b1 དེ་འདི་སྙམ་དུ་སེམས་ཏེ། ངས་བྲམ་ཟེ་འདི་དུམ་བུ་དུམ་བུར་བཏུབས་ལ་ཉ་དང་། རུས་སྦལ་བསྲེག་པ་བཞིན་དུ་བོར་ཏེ། ཁར་ངན་སྐྱུགས་ཀྱིས་དགང་སྙམ་མོ།། དེ་དེ་སྙམ་དུ
212b2 བསམས་མ་ཐག་ཏུ་ཁྱིམ་བདག་དེ་ཤ་བཀྲ་དང་། མཛེནད་ཀྱིས་བཏབ་པོ།། དེ་ནས་འཆི་བའི་དུས་བྱེས་ནས། འཆི་ཀར་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་སྟེ། ཤི་ནས་སེམས
212b3 ཅན་འཕོས་ནས། ཉ་དང་། ཕག་དང་། རུས་སྦལ་གྱི་ནང་དུ་བསྐལ་པར་སྡུག་བསྔལ་མྱོང་ངོ་།། དེ་ནས་འཆི་བའི་དུས་བྱས་ནས། སེམས་ཅན་དམྱལ་བ་ཐིག་ནག་ཏུ་སྐྱེས་ཏེ།
212b4 དེར་བསྐལ་པའི་ཚད་དུ་སྡུག་བསྔལ་ཆེན་པོ་མྱོང་ངོ་།། དེ་ནས་ཤི་འཕོས་ནས་གྲོང་ཁྱེར་དེ་ཉིད་དུ་དམུས་ལོང་གི་ཁྱིམ་དུ་སྐྱེས་ཏེ། དམུས་ལོང་དུ་གྱུར་ནས། ཕན་ཚུན་སློངས་མོ
212b5 ལ་སོང་བ། གཙུག་ལག་ཁང་ཞིག་ཏུ་ཕྱིན་ནས། དེ་ན་དགེ་སློང་སྙིང་རྗེ་ལ་གནས་པ་ཞིག་འདུག་ཏེ། དེས་དེ་མཐོང་ནས་བྱམས་པ་རྒྱས་པར་བྱས་ཏེ། ཟས་བྱིན་ནོ།། རིག་སྔས
212b6 རྒྱལ་མོ་འདི་ཡང་བསྒྲགས་སོ།། དམུས་ལོང་དེས་གཟུངས་སྔགས་འདི་ཐོས་པ་དང་། ཚེ་རབས་དྲན་པར་གྱུར་ནས་བྲམ་ཟེ་དེ་ཡང་དྲན་ཏེ། རྗེས་སུ་སེམས་ཤིང་ཀྱེ་མའོ།།
212b7 མི་ཟད་པའི་ལས་བྱས་སོ་སྙམ་ནས་ངོ་ཚ་བ་དང་། ཁྲེལ་ཡོད་པར་འགྱུར་ཏེ། འཆི་བའི་དུས་བྱས་པ་དང་། གཟུངས་སྔགས་འདིའི་མཐུས་སུམ་བཅུ་རྩ་གསུམ་གྱི་ལྷའི་ནང
212b8 དུ་སྐྱེས་ཏེ། གཞལ་མེད་ཁང་ཆེན་པོ་ནང་ན་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ཅིང་ལྷའི་ལོངས་སྤྱོད་ཆེན་པོ་མྱོང་བར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་ཁྱིམ་བདག་དམུས་ལོང་དུ