e-texts navigator
Collection
Volume
Page
Wylie

75b1 ཀྱི་རྩེ་པོར་སྲོག་ཤིང་བཅུགས་ལ། གསང་སྔགས་ལ་གེར་བྲིས་པ་དེའི་ནང་དུ་བཅུག་ཏེ་མཆོད་པ་བྱས་ནས། གསང་སྔགས་ལན་བདུན་བཏོན་ན། ཁྱོད་ཀྱི་ཆེ་ཡང་བྱེར་ནུར་ཏེ
75b2 འཕེལ་བར་འགྱུར་ཏེ། འཆི་བའི་དུས་བྱས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱིས་གནས་ལོངས་སྤྱོད་ཆེ་བ་རྣམསུ་སྐྱེ་ཏེ། བསྐལ་པ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད
75b3 ཀྱང་ཕྱིར་འཕེལ་ཞིང་རྒྱས་པར་འགྱུར། དེ་ནས་ཀྱང་དེ་བཞིན་གཤེགས་པ་མི་ཁྲུགས་པའི་སངས་རྒྱས་ཀྱིས་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ། བསྐལ་པ་བརྒྱ
75b4 སྟོང་དུ་མར་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ།། དེ་ནས་ཡང་ཤི་འཕོས་ནས་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་ཡང་བསྐལ་པ་ཆེན་པོ་སྟོང
75b5 ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་མི་ཟད་པ་མྱོང་བར་འགྱུར་རོ།། ཚེ་རབས་གང་དང་གང་དུ་སྐྱེ་བའི་གནས་སུ་ཀུན་ཏུ་ཡང་། ཡིད་གཞུང་ཞིང་ཚེའི་བར་ཆད་མེད་པ་དང་།
75b6 ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་ནས་ནམ་དུ་ཡང་སེམས་ཅན་དམྱལ་བར་མི་འགྱུར་རོ།། རྟག་ཏུ་ཡང་དག་པར་རྫོགས་པའི་སངས་ཀྱིས་འབྱུང་བ་རྣམས་དང་ཕྲད་ཅིང་། རྗེསུ
75b7 དགོངས་པར་མཛད་དོ།། བྲམ་ཟེ་ཆེན་པོ་གཞན་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ནམ། དགེ་བསྙེན་མ་འམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ
75b8 གང་ལ་ལ་ཆེ་ཐུང་བ་འམ་ནད་མང་བ་ཞིག་ཡོད་ན། དེས་མཆོད་རྟེན་རྙེད་པ་བཅོས་པ་འམ། གསར་དུ་བསྡིགས་ཀྱང་རུང་སྟེ། གསང་སྔགས་འདི་བྲིས་ལ་ནང་དུ




iiif viewer powered by OpenSeadragon

75a - 76a

Texts on this page

F551 - 'phags pa 'od zer dri ma med pa rnam par dag pa'i 'od ces bya ba'i gzungs